མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། ལོ་ཙཱ་བ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-21 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ10བའི་ཚེས18ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ལོ་ཕྱེད་ལྷག་གི་རིང་ལ་གཏན་འཁེལ་བྱས་པའི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་གྲུབ་ཚུལ་སྙོམས་སྒྲིག་བྱེད་ཐབས་དངོས་འབེབས་བྱས་པའི་གནས་ཚུལ་ཡར་ཞུ་ལ་ཉན་པ་དང་། དཔལ་འབྱོར་བརྟན་འཇགས་ཁྲོད་དུ་བཟང་ཕྱོགས་དུ་འཕེལ་བའི་རྨང་གཞི་སྲ་བརྟན་དུ་གཏོང་བའི་འབྲེལ་ཡོད་བྱ་བ་དམ་འཛིན་བྱེད་པར་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་གྲུབ་ཚུལ་སྙོམས་སྒྲིག་བྱེད་པའི་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱས་པའི་ཁྲོད་ཀྱི་གནད་དོན་ལ་ཞིབ་འཇུག་བྱས། ཚོགས་ཐོག་ནས་བསྟན་དོན། དཔལ་འབྱོར་གནས་བབ་ཇེ་སྡུག་ཏུ་འགྲོ་བའི་གནོན་ཤུགས་ཅུང་ཆེ་བའི་སྐབས་སུ་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་དགོས་པ་དང་།དཔལ་འབྱོར་བརྟན་འཇགས་ཁྲོད་དུ་བཟང་ཕྱོགས་སུ་འཕེལ་སྐབས་རིག་ལམ་གསལ་བོ་ཡིན་དགོས། ང་ཚོར་ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱེད་པའི་ཆ་རྐྱེན་དང་ནུས་པ་ཡོད་ལ། ཡིན་ནའང་རྒྱུན་འཁྱོངས་ལྷོད་མེད་སྒོས་འབད་བརྩོན་བྱེད་དགོས། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་གྲུབ་ཚུལ་སྙོམས་སྒྲིག་བྱེད་པར་སྔར་ལས་སྐུལ་འདེད་གཏོང་བ་དང་མུ་མཐུད་དུ་གཏན་འཁེལ་བྱས་པའི་བྱེད་ཐབས་དངོས་འབེབས་བཟང་བོ་བྱེད་དགོས་པར་མ་ཟད། བརྟན་འཇགས་ཁྲོད་དུ་བཟང་ཕྱོགས་སུ་འཕེལ་བའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་བཏང་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་དང་ཡུན་རིང་གི་རྗེས་ཤུགས་ཇེ་ཆེར་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་གཏན་འཁེལ་བྱས་པའི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་གྲུབ་ཚུལ་སྙོམས་སྒྲིག་བྱེད་ཐབས་དངོས་འབེབས་བྱས་པའི་གནས་ཚུལ་ལ་རང་གིས་ཞིབ་བཤེར་བྱེད་དགོས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་འཛུགས་བྱས་ཏེ་ལྟ་རྟོག་དང་ཞིབ་བཤེར་བྱེད་རྒྱུ་རེད། སྲིད་ཇུས་དང་བྱེད་ཐབས་དངོས་འབེབས་བྱས་པའི་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་པར་བརྩོན་ལེན་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྔར་ལས་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་ནས། ཕྱིན་ཆད་ཀྱི་འཕེལ་རྒྱས་ཐད་ལ་རྨང་གཞི་སྔར་ལས་བརྟན་པོ་འདིང་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག