མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མར་ཁེ་སི་རིང་ལུགས་ཀྱི་རིགས་གཞུང་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས་པ།

རྩོམ་པ་པོ། ལོ་ཙཱ་བ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-21 11:15

  མར་ཁེ་སི་རིང་ལུགས་ཀྱི་རིགས་གཞུང་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་སྤྱི་ཟླ10བའི་ཚེས20ཉིན་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུན་ཧྲན་ཚོགས་འདུར་ཞུགས་ནས་གསུངས་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མར་ཁེ་སི་རིང་ལུགས་ཀྱི་རིགས་གཞུང་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་སྤྱི་ཟླ10བའི་ཚེས20ཉིན་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུན་ཧྲན་ཚོགས་འདུར་ཞུགས་ནས་གསུངས་བཤད་གནང་། ལིག་ཆི་པོ་ཡིས་ཚོགས་འདུར་མགོ་འཛིན་བྱས་པ་དང་ལིག་ཡན་ཏུང་ཚོགས་འདུར་ཞུགས།

ཚོགས་ཐོག་ནས་ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་རྒྱུན་ཆད་མེད་པར་གོང་འཕེལ་དུ་གཏོང་བ་དང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་འཕེལ་རིམ་ཡང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ལ། མར་ཁེ་སི་རིང་ལུགས་ཀྱི་རིགས་གཞུང་ཞིབ་འཇུག་སང་འཛུགས་སྐྲུན་བཟོ་སྐྲུན་དེ་ཡུན་རིང་བའི་འཐབ་ཇུས་ལས་འགན་དུ་བརྩིས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རིགས་གཞུང་གི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། མར་ཁེ་སི་རིང་ལུགས་ཀྱི་རིགས་གཞུང་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་ནན་མོ་བྱེད་སྐབས་ཞིབ་འཇུག་ཟབ་མོ་བྱེད་རྒྱུན་ནི་རྨང་གཞི་ཡིན་པ་དང་ལེགས་སྒྱུར་བཀོད་སྤྱོད་ནི་གནད་འགག་ཡིན་པས། བཟོ་སྐྲུན་གྲུབ་འབྲས་ཀྱིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན། མང་ཚོགས་ཅན་བཅས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་རིགས་གཞུང་གཏིང་ཟབ་ཏུ་སྤེལ་བའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས། ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་། ལས་བྱེད་པའི་སློབ་གླིང་། སྤྱི་ཚོགས་ཚན་རིགས་གླིང་། མཐོ་རིམ་སློབ་གྲྭ། རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཁག་བཅས་ཀྱིས་མར་ཁེ་སི་རིང་ལུགས་དེ་ངེས་སྦྱོང་བསླབ་ཚན་དུ་འཇོག་པར་སྐུལ་འདེད་གཏོང་བ་དང་། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་གཞུང་ནན་ཏན་སྒོས་སློབ་སྦྱོང་དང་གསལ་བོར་ཤེས་པར་བྱེད་པར་སྣེ་ཁྲིད་བྱེད་དགོས། བཟོ་སྐྲུན་གྲུབ་འབྲས་ཀྱིས་ཚན་ཉིད་རིགས་པ་དང་སྤྱི་ཚོགས་ཚན་རིགས་རིགས་པའི་མ་ལག་དང་བསླབ་གཞིའི་མ་ལག་འཐུས་ཚང་དུ་གཏོང་བའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ་དང་། བཟོ་སྐྲུན་གཙོ་བོའི་བསླབ་གཞི་རྩོམ་སྒྲིག་དང་བཀོལ་སྤྱོད་བྱ་བ་སྔར་ལས་དམ་འཛིན་བྱས་ནས། ན་གཞོན་སློབ་མར་ཏང་གི་རིགས་གཞུང་གསར་སྤེལ་གྲུབ་འབྲས་གསལ་བོར་ཤེས་སུ་འཇུག་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག