མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་བའི་གྲོས་ཁང་གི་གྲོས་དཔོན་དང་གྲོས་མོལ་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-20 10:17

0.jpg

  སྤྱི་ཟླ10བའི་ཚེས18ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་བའི་གྲོས་ཁང་གི་གྲོས་དཔོན་ཙུའུ་ལུང་ནོ་ཁི་ལ་མཇལ་འཕྲད་གནང་།  

00.jpg

  སྤྱི་ཟླ10བའི་ཚེས18ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་བའི་གྲོས་ཁང་གི་གྲོས་དཔོན་ཙུའུ་ལུང་ནོ་ཁི་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་སྤྱི་ཟླ10བའི་ཚེས18ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་བའི་གྲོས་ཁང་གི་གྲོས་དཔོན་ཙོ་ལུང་ནོ་ཁི་དང་གྲོས་མོལ་མཛད།

  ཀྲང་ཏི་ཅང་གིས་གསུངས་རྒྱུར། ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་བ་ནི་ཀྲུང་གོ་དང་འབྲེལ་བ་བཙུགས་པ་ཆེས་སྔ་བའི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ནང་གི་གཅིག་ཡིན། ཀྲུང་གོ་དང་འབྲེལ་བ་བཙུགས་ནས་ལོ་འཁོར་སོ་བདུན་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་བ་དེ་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ས་ཁུལ་གྱི་གྲོགས་པོ་བཟང་བོར་བརྩིས་ཏེ། ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་བ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་པ་དང། དཔལ་འབྱོར་ཐད་ནས་གཉིས་ཕན་མཉམ་ལས་བྱེད་པ། ཕྱོགས་མང་བོའི་ལས་དོན་ཁྲོད་ནས་ཕན་ཚུན་ལ་རོགས་སྐྱོར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་རྒྱུ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་བའི་སྲིད་གཞུང་དང་གྲོས་ཁང་གིས་དུས་ཡུན་རིང་བོར་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ཟེར།

  ཙོ་ལུང་ནོ་ཁི་ཡིས་བཤད་རྒྱུར། ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་བས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་ནན་མོ་བྱེད་རྒྱུ་ཡིན་ལ། ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་བ་ཕྱོགས་ཀྱིས་ཁྲིམས་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། དངུལ་གཏོང་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ། ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་བར་ཡོད་པའི་ཀྲུང་གོའི་ཁེ་ལས་དང་མི་སྣའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག