མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཨོ་སི་ཁྲི་ལི་ཡའི་ཙུང་ལི་ཨ་པའོ་ཐི་ལ་གློག་འཕྲིན་བཏང་ནས་ཉེ་ལམ་ཨོ་སི་ཁྲི་ལི་ཡའི་ནགས་ཚལ་ལ་མེ་སྐྱོན་ཚབས་ཆེན་བྱུང་བར་འཚམས་འདྲི་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-19 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས18ཉིན་ཨོ་སི་ཁྲི་ལི་ཡའི་ཙུང་ལི་ཨ་པའོ་ཐི་ལ་གློག་འཕྲིན་བཏང་ནས་ཉེ་ལམ་ཨོ་སི་ཁྲི་ལི་ཡའི་ནགས་ཚལ་ལ་མེ་སྐྱོན་ཚབས་ཆེན་བྱུང་བར་འཚམས་འདྲི་ཞུས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཨོ་སི་ཁྲི་ལི་ཡའི་ནགས་ཚལ་ལ་མེ་སྐྱོན་ཚབས་ཆེན་བྱུང་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུད་ཆེན་པོ་ཐེབས་པ་ཐོས་རྗེས། བདག་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་པར་མ་ཟད་རང་ཉིད་ཀྱི་མིང་ཐོག་ནས་ཨོ་སི་ཁྲི་ལི་ཡ་སྲིད་གཞུང་དང་མི་དམངས་ལ་བརྩེ་བའི་འཚམས་འདྲི་ཞུས་པ་ཡིན་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཙུང་ལི་ཨ་པའོ་ཐི་དང་ཨོ་སི་ཁྲི་ལི་ཡ་སྲིད་གཞུང་གི་མགོ་ཁྲིད་འོག ཨོ་སི་ཁྲི་ལི་ཡས་དཀའ་ཁག་ཁྱད་བསལ་དང་འབད་བརྩོན་ལྷོད་མེད་བྱས་ནས་མེ་སྐྱོན་ལས་བཟོས་པའི་གྱོང་གུད་ཇེ་ཉུང་དུ་གཏོང་ཐུབ་པར་བདག་ལ་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲི་ལ་ཡའི་དགོས་མཁོ་ལྟར་དགོས་ངེས་ཀྱི་རོགས་རམ་འདོན་སྤྲོད་བྱེད་ངེས་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག