མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཁ་ན་ཏའི་ཙུང་ཏུའུ་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-19 10:59

0.jpg

  སྤྱི་ཟླ10བའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁ་ན་ཏའི་ཙུང་ཏུའུ་ཡའོ་ཧན་སི་ཏུན་ལ་མཇལ་འཕྲད་གནང་བ།
 

00.jpg

  སྤྱི་ཟླ10བའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁ་ན་ཏའི་ཙུང་ཏུའུ་ཡའོ་ཧན་སི་ཏུན་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས18ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁ་ན་ཏའི་ཙུང་ཏུའུ་ཡའོ་ཧན་སི་ཏུན་ལ་མཇལ་འཕྲད་གནང་།

  ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་སྲིད་གཞུང་གིས་ཁ་ན་ཏ་སྲིད་གཞུང་གིས་ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོའི་བར་གྱི་དངོས་གཉེར་སྲིད་ཇུས་ཧུར་ཐག་སྒོས་ལག་བསྟར་པར་གཟེངས་བསྟོད་བྱས་པ་ཡིན།  ཀྲུང་གོ་སྲིད་གཞུང་གིས་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་བྱེད་པའི་རྩ་དོན་གཞིར་བཟུང་སྟེ། ཁ་ན་ཏ་ཕྱོགས་དང་མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། ཁྱབ་ཁོངས་གཙོ་བོའི་གཉིས་ཕན་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ནས། ཞིང་ལས་ཚན་རྩལ་དང་དག་གཙང་ནུས་ཁུངས་སོགས་ཕྱོགས་ཀྱི་མཉམ་ལས་གསར་བ་ཧུར་ཐག་སྒོས་སྤེལ་ཏེ། རྒྱལ་སྤྱིའི་ས་ཁུལ་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་འདོད་ཡོད་ཟེར།

  ཡའོ་ཧན་སི་ཏུན་གྱིས་བཤད་རྒྱུར། ཁ་ན་ཏ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཛའ་བཤེས་ལ་ཧ་ཅང་གཅེས་སྤྲས་བྱེད་ཀྱིན་ཡོད་ལ། ཕན་ཚུན་བར་གྱི་ཁྱབ་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཉོ་ཚོང་དངུལ་གཏོང་དང་ནུས་ཁུངས་ཐོན་ཁུངས། ཚན་རྩལ་གསར་སྐྲུན་བཅས་ཐད་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། སློབ་གསོ་དང་རིག་གནས་སོགས་མི་གཞུང་བརྗེ་རེས་ཡོངས་ཁྱབ་ཏུ་སྤེལ་ནས། མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག