མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་དམག་ཨུད་ཀྱི་འགོ་ཁྲིད་པས་ཁག་དང་པོའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོའི་འབྲེལ་གཏུག་ས་ཚིགས་སུ་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་ཞུགས་པ་དང་མཛུབ་ཁྲིད་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-19 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་དགོས་པའི་སྐོར་གྱི་བཀོད་སྒྲིག་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཧྥན་ཁྲེང་ལུང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་སླེའང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན། རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲུང་པུའུ་ཀྲང་གཅིག་ལྕོགས་ཁྲང་དབན་ཆོན། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཧྥང་ཧྥུང་ཧུའི་དང་ཀྲང་ཡང་། ཀྲའོ་ཁེ་ཧྲེ། ཀྲང་ཡའུ་ཞྭ། ཝུ་ཧྲེང་ལི། མ་ཞའོ་ཐན། ཝེ་ཧྥུང་ཧོ་བཅས་ཀྱིས་ཉེ་ཆར་ཁག་སོ་སོར་རང་རང་སོ་སོའི་ཁག་དང་པོའི་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་བའི་འབྲེལ་གཏུག་ས་ཚུགས་སུ་ཕེབས་ནས་འབྲེལ་གཏུག་ས་ཚུགས་ཀྱི་ཚན་པའི་ཏང་ཨུད་རྒྱུན་ལས་ཨུ་ཡོན་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་ཞུགས་པ་དང་མཛུབ་ཁྲིད་གནང་ཡོད་པ་དང་ས་ཆ་དངོས་སུ་སྲོལ་ངན་བཞི་ཞིབ་བཤེར་ཐེར་དོན་བྱེད་པའི་གནད་དོན་ལ་མཛུབ་ཁྲིད་གནང་ཡོད་པ་དང་དག་ཐེར་སྙིང་སྟོབས་ཐོག་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་གནང་ཡོད་པ་རེད། དམག་ཨུད་ཀྱི་འགོ་ཁྲིད་པ་ཁག་སོ་སོས་ཚན་པ་ཆེ་གྲས11གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ནང་ཞུགས་པ་དང་མཛུབ་ཁྲིད་གནང་ཡོད་པ་དང་ཚན་པ་ཆེ་གྲས་ཀྱི་འགོ་ཁྲིད་པ་གཙོ་བོའི་ལྟ་སྡུར་ཞིབ་བཤེར་དཔྱད་ཡིག་ལ་གཟིགས་ཡོད་པ་དང་ཚན་པའི་ཁོངས་མི་རེ་རེ་བཞིན་དང་གླེང་མོལ་གནང་བ། གནད་དོན་ཐག་གཅོད་བྱེད་རྒྱུར་ཞིབ་བཤེར་དང་ལྟ་སྐུལ་གནང་ཡོད་པ་མ་ཟད་སློབ་གསོའི་ལག་ལེན་བྱེད་སྒོ་དང་ཏང་ཨུད་རང་ངོས་འཛུགས་སྐྱོང་བྱེད་རྒྱུའི་ཐད་བླང་བྱ་བཏོན་ཡོད་པ་རེད། དམག་ཡོངས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས་ལས་དོན་ཚོགས་ཆུང14བཏང་ནས་གནད་དོན་ཐག་གཅོད་བྱེད་རྒྱུར་རྗེས་འདེད་ལྟ་སྐུལ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག