མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ས་གནས་ཁག་གི་ལས་བྱེད་པ་དང་ལས་བཟོ་པས་ཀྲུང་གོའི་བཟོ་ཚོགས་ཀྱི་ཚོགས་ཆེན་བཅུ་དྲུག་པར་དོ་ཁུར་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-19 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་བཟོ་ཚོགས་ཀྱི་ཚོགས་ཆེན་བཅོ་དྲུག་པ་ཚོགས་པའི་སྐབས་འདིར། རྒྱལ་ཡོངས་ས་གནས་ཁག་གི་བཟོ་ཚོགས་དང་། ལས་བྱེད་པ་དང་ལས་བཟོ་པས་གཅིག་མཇུག་གཉིས་མཐུད་ངང་རང་ཉིད་ཀྱི་སྨོན་འདུན་དང་བསམ་འདུན་མཚོན་པར་བྱས་ཡོད་པ་དང་། ཁོ་ཚོས་གཅིག་མཇུག་གཉིས་མཐུད་ངང་། ཀྲུང་གོའི་བཟོ་ཚོགས་ཀྱི་ཚོགས་ཆེན་བཅོ་དྲུག་པ་ཚོགས་པ་དེས། སྔར་ལས་ལྷག་པའི་སྒོ་ནས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ། རྒྱ་ཆེའི་ལས་བཟོ་དང་མཐུན་སྒྲིལ་བྱེད་པ་དང་། སྐུལ་སློང་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བསྟན་འདུག

ཧྲང་ཧའེ་ནི་རང་རྒྱལ་གྱི་ཐོན་ལས་བཟོ་པ་འདུས་སྡོད་མང་བའི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་པ་དང་། ཉིན་ཤས་བསྟུད་མར་། གྲོང་ཁྱེར་དེའི་ལས་བྱེད་པ་དང་ལས་བཟོ་པས་བཟོ་ཚོགས་ཀྱི་ཚོགས་ཆེན་བཅོ་དྲུག་པའི་ཆ་འཕྲིན་ལ་དོ་ཁུར་དམ་གཟབ་བྱེད་ཀྱི་ཡོད། ཧྲང་ཧའེ་ཧྲེན་ཀྲོའུ་རླངས་འཁོར་གྱི་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཚད་ཡོད་ཀུང་སིའི་ལས་བཟོ་པ་ཧུའུ་ཀྲེན་ཆེའུ་ནས། བཟོ་ཚོགས་ཀྱི་ཚོགས་ཆེན་བཅོ་དྲུག་པའི་ཐོག འཐུས་མི་ཚོས་ལས་བཟོ་པས་ལས་རིགས་སློབ་གསོ་དང་ལས་རིགས་ནང་སྦྱོང་གི་དགོས་མཁོ་དང་བླང་བྱ་གསར་པར་ཤེས་རྟོགས་སྔར་བས་གཏིང་ཟབ་བྱས་ནས། ལས་བཟོ་པ་ཚོ་ལས་གནས་ཐོག་འཇོན་ཐང་ཅན་དུ་འགྱུར་རྒྱུར་རོགས་རམ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

ཨུ་ལུམ་ཆིའི་ལྕགས་ལམ་ཅུད་ཀྱི་མེ་འཁོར་ཁ་ལོ་བ་ཀྲང་ཅིང་ཁྲེང་གིས། འཕྲིན་ཕྲན་བརྒྱུད་བཟོ་ཚོགས་ཀྱི་ཚོགས་ཆེན་བཅུ་དྲུག་པ་ཚོགས་བཞིན་པའི་ཆ་འཕྲིན་ཤེས་རྟོགས་ཐུབ་པ་དང་།ཁོང་གིས་བསམ་ཚུལ་དང་པོ་དེ་ནི། དེ་ང་ཚོ་བཟོ་པ་མི་རེ་ངོ་རེ་དང་འབྲེལ་བ་དམ་གཟབ་ཡོད་པས། ངས་ལྷག་བསམ་རྣམ་དག་གི་སྒོ་ནས་བཟོ་ཚོགས་ཀྱིས་ལས་བཟོ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་ནུས་པ་སྔར་ལས་ལྷག་པ་འདོན་སྤེལ་བྱེད་རྒྱུའི་རེ་བ་དེ་ཡིན་པ་རེད།

པེ་ཅིན་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་སིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཧུའེ་ཡིས་ཉེ་དུས། བཟོ་ཚོགས་ཀྱི་ཚོགས་ཆེན་བཅུ་དྲུག་པའི་གསར་འགྱུར་ལ་དོ་ཁུར་བྱེད་བཞིན་ཡོད་པ་དང་། ཁོང་གིས་གསར་འགོད་པར། ཁེ་ལས་ནས་ཡོང་བའི་བཟོ་ཚོགས་ཀྱི་འཐུས་ཚབ་ཞིག་ཡིན་པའི་ངོས་ནས། ངས་ལྟས་ན། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་ལམ་བུའི་ཁྲོད་རྒྱ་ཆེའི་ལས་བཟོ་མང་ཚོགས་ཀྱིས་དཔལ་འབྱོར་སྤྱི་ཚོགས་ཀྱི་གོང་འཕེལ་གྲུབ་འབྲས་ལོངས་སྤྱོད་སྔར་ལས་ལྷག་པ་བྱེད་དུ་འཇུག་རྒྱུ་དེ་རེད་ཅེས་གསུངས་པ་རེད།

ཀོང་ཀྲོའུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཀྲོའུ་ཞའོ་སུད་ཡིས། བཟོ་ཚོགས་ཀྱི་ཚོགས་ཆེན་བཅུ་དྲུག་པ་ནི་བཟོ་ཚོགས་སྒྲིག་འཛུགས་ཀྱི་དོན་ཆེན་ཞིག་ཡིན་པས། ང་ཚོས་སྔ་བར་ཕྱི་གསུམ་དུ་ལས་བཟོ་པར་ཞབས་འདེགས་ཞུ་རྒྱུ་དེ་འགན་འཁྲི་ཨང་དང་པོར་བརྩི་རྒྱུ་དང་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དེ་དོན་གནད་གལ་ཆེན་ཞིག་ལ་བརྩིས་པ། བསྒྱུར་བཅོས་དང་གསར་གཏོད་བྱེད་རྒྱུ་དེ་སྒུལ་ཤུགས་ཨང་དང་པོར་བརྩི་རྒྱུ། བདེན་འཚོལ་དངོས་གྲུབ་བྱེད་རྒྱུ་དེ་བླང་བྱ་ཨང་དང་པོར་བརྩི་བ། སྲིད་གཙང་སྤྱོད་བཟང་བྱེད་རྒྱུ་དེ་གཟུགས་བརྙན་ཨང་དང་པོར་འཇོག་པ། ལས་བཟོ་མང་ཚོགས་ཀྱི་ཁྱིམ་ཚང་ལྟ་བུ་ཞིག་བྱེད་དགོས་ཅེས་བསྟན་པ་རེད། ལན་ཀྲོའུ་གྲོང་ཁྱེར་གྱི་ཨན་ཉིང་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཤིན་ཁྲུན་ཚང་གིས། ཚོགས་ཆེན་བཅུ་དྲུག་པ་སྐོང་འཚོག་བྱས་པ་དེའི་ཐོག་ནས། ཀྲུང་གོའི་བཟོ་པའི་ལས་འགུལ་གྱི་བྱ་གཞག་གི་ལེའུ་གསར་པ་ཞིག་སྒོ་ཚུགས་པ་མཚོན་ཐུབ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ། ང་ཚོ་བཟོ་ཚོགས་ཀྱིས་རྒྱ་ཆེའི་ལས་བཟོའི་ནུས་པ་གཅིག་ཏུ་སྒྲིལ་ནས། ཁོ་ཚོས་ངལ་རྩོལ་གྱིས་མ་འོངས་གསར་གཏོད་བྱེད་རྒྱུར་སྐུལ་ལྕག་བཏང་ཏེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་ལོ་རྒྱུས་འཕེལ་རིམ་ཁྲོད། རང་ཉིད་ཀྱི་ངོ་མཚར་ཆེ་བའི་མི་ཚེའི་རིན་ཐང་མངོན་པར་བྱེད་དགོས་ཞེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག