མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གིས་ཟླ་མཆོད་དང་རྒྱལ་སྟོན་དུས་ཆེན་རིང་ཚུལ་མིན་སྤྱོད་ཚུལ་ཐེར་འདོན་བྱས་པ917ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-19 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ9བའི་ཚེས3ཉིན་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་སྟེ། གཞུང་དངུལ་སྤྱད་དེ་དུས་ཆེན་གྱི་ལག་རྟགས་སྤྲོད་པ་དང་གཞུང་དངུལ་སྤྱད་དེ་ཟ་འཐུང་བྱེད་པ། གཞུང་དངུལ་སྤྱད་དེ་ཡུལ་སྐོར་ལ་འགྲོ་བ། རྒྱས་སྤྲོས་འཕྲོ་བརླགས་གཏོང་བ་སོགས་ཚུལ་མིན་སྤྱོད་ཚུལ་བཀག་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། སྤྱི་ཟླ9བའི་ཚེས13ཉིན། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་གིས་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་པུའི་དྲ་ཚིགས་ཐོག་སྤྱི་བསྒྲགས་སྤེལ་ནས། མང་ཚོགས་ནས་ཟླ་མཆོད་དང་རྒྱལ་སྟོན་དུས་ཆེན་རིང་བརྡ་ཐོའི་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་ཐེར་འདོན་བྱ་རྒྱུར་དགའ་བསུ་ཞུས་ཡོད།

བསྡོམས་བརྩིས་བྱས་པར་གཞིགས་ན། སྤྱི་ཟླ10བའི་ཚེས7ཉིན་གྱི་ཆུ་ཚོད24བར་སླེབས་དུས། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་ལ་ཁྱོན་ཆེད་དོན་ཐེར་འདོན917འབྱོར་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མང་ཚོགས་ནས་དུས་ཆེན་གཉིས་རིང་ཚུལ་མིན་སྤྱོད་ཚུལ་ཐེར་འདོན་བྱེད་པ་དེ་གཙོ་བོ་ཕྱོགས་ལྔའི་ཐད་གཅིག་བསྡུས་བྱས་ཡོད་དེ། གཅིག་ནི་གཞུང་དངུལ་བཏང་ནས་ཟླ་མཆོད་བག་ལེབ་དང་དུས་ཆེན་གྱི་ལག་རྟགས་སྤྲོད་པ་དང་། གཉིས་ནི་གཞུང་དངུལ་བཏང་ནས་ཟ་འཐུང་རྒྱས་སྤྲོས་བྱེད་པའམ་གཞུང་དོན་དང་འབྲེལ་བ་མེད་པའི་གསོལ་ཚིགས་གཏོང་བ། གསུམ་ནི་གཞུང་དངུལ་བཏང་ནས་ཡུལ་སྐོར་དང་ལུས་སྦྱོང་། མཛད་སྤྱོད་མཐོ་བའི་རོལ་རྩེད་བྱེད་སྒོ་སྤེལ་བ། བཞི་ནི་གཏན་འབེབས་ལས་འགལ་ཏེ་གཞུང་དོན་རླངས་འཁོར་ཆ་སྦྱོར་བྱེད་པ། ལྔ་ནི་རྒྱུ་མཚན་གང་བྱུང་དུ་བྱས་ཏེ་གློ་བུར་དུ་དངུལ་གཏོང་སྤྲོད་དང་ཁ་གསབ་མ་དངུལ་དང་བྱ་དགའི་དངུལ་དང་དངོས་པོ་གང་བྱུང་དུ་སྤྲོད་པ་སོགས་ཡིན་པ་རེད། དུས་ཆེན་གཉིས་རིང་ཆེད་དོན་ཐེར་འདོན་བྱས་པའི་དུས་བཀག་རང་བཞིན་དང་ཆེད་དོན་རང་བཞིན་ལ་དམིགས་ནས། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་ནས་དུས་ཆེན་གཉིས་རིང་གཞུང་དངུལ་བཏང་ནས་ལག་རྟགས་སྤྲོད་པ་དང་གཞུང་དངུལ་བཏང་ནས་ཟ་འཐུང་བྱེད་པ་སོགས་གནད་དོན་གྱི་ཡིག་སྐུར་ངོ་གཏུགས་དང་ཐེར་འདོན་བྱས་པ་མགྱོགས་མྱུར་ཐག་གཅོད་བྱེད་པའི་སྒྲིག་གཞི་བཙུགས་པ་དང་ཞིབ་བཤེར་མགྱོགས་པོ་དང་ཐག་གཅོད་ནན་པོ་ཐུབ་པ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག