མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གིས་དབྱིན་ཅང་རྫོང་དུ་དཔེ་དེབ་སྐྱེལ་བའི་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-19 10:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པའི་དབྱིན་ཅང་དུ་དཔེ་དེབ་སྐྱེལ་བའི་མཛད་སྒོ་དེ་སྤྱི་ཟླ10བའི་ཚེས18ཉིན་ཀུད་ཀྲོའུ་ཐུང་རེན་དབྱིན་ཅང་རྫོང་ཚོད་ལྟའི་སློབ་གྲྭར་གཉེར་བ་རེད། ཐེངས་འདིའི་དཔེ་དེབ་སྐྱེལ་བའི་བྱེད་སྒོ་ནི་རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གིས་ལོ་གྲངས་མི་འདྲ་བའི་སློབ་མའི་ལྟ་ཀློག་ཁྱད་ཆོས་ལ་དམིགས་པ་དང་། དམིགས་ས་ཡོད་པའི་སྒོ་ནས་རིན་ཐང་སྒོར120000ཟིན་པའི་དཔེ་དེབ་ཉོ་སྒྲུབ་བྱས་པ་དང་། སློབ་ཆུང5ལ་ཞལ་འདེབས་རྒྱབ་པ་ཞིག་ཡིན་པ་རེད། དཔེ་དེབ་དེ་དག་ནང་དོན་ཁྱབ་ཚད་ཆེ་བ་དང་ཤེས་བྱའི་རང་བཞིན་དང་ལྟ་འདོད་རང་བཞིན་ཆེན་པོ་ལྡན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པའི་རིག་གནས་གཞི་རིམ་དུ་སྐྱེལ་བའི་བྱེད་སྒོ་སྤེལ་ནས་ལོ4ལྷག་སོང་རིང་། ཁྱོན་ཟི་ཁྲོན་དང་ཀོང་ཤིའི། ཀུད་ཀྲོའུ། ཡུན་ནན། ཀན་སུའུ། ཉིང་ཞ། ཧའེ་ནན། གྲུང་ཆིང་སོགས་ཞིང་ལྗོངས8ཀྱི་མི་རིགས་ས་ཁུལ་དུ་རིག་རྩལ་འཁྲབ་སྟོན་ཐེངས22བྱས་པ་དང་དཔེ་དེབ་དང་དུས་དེབ། དེ་བཞིན་སྒྲ་བརྙན་ཐོན་རྫས་བཅས110000ལྷག་ཞལ་འདེབས་རྒྱབ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག