མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་གསར་སྤེལ་མ་འཇོག་ཀུངས་སིས་ཕན་ནུས་ཆེ་བའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-19 10:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས17ཉིན་ནས18ཉིན་བར་རྒྱལ་ཁབ་གསར་སྤེལ་མ་འཇོག་ཀུང་སིའི་ཏང་རྩ་འཛུགས་ཀྱིས་ཁོངས་མི་རྣམས་གཅིག་བསྡུས་ཐོག་སྙིང་གཏམ་གླེང་རེས་དང་སྤེལ་རེས་བྱས་ནས་འཚོག་གྲབས་ཡོད་པའི་ཏང་རྩ་འཛུགས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།

སློབ་གསོའི་ལག་ལེན་དངོས་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་མ་ཐག རྒྱལ་ཁབ་གསར་སྤེལ་མ་འཇོག་ཀུང་སིའི་ཏང་རྩ་འཛུགས་ཀྱིས་གཞི་རིམ་ཏང་རྩ་འཛུགས30སྒྲིག་འཛུགས་བྱས་ཏེ། ཀུང་སིའི་ཏང་རྩ་འཛུགས་དང་ཏང་རྩ་འཛུགས་ཀྱི་ཁོངས་མིར་ཡིག་ཐོག་གི་བསམ་འཆར་དང་གྲོས་འགོ་འདོན་འཇུག་པ་རེད། ཏང་རྩ་འཛུགས་ཀྱི་ཁོངས་མི་དགུ་ཁག་སོ་སོར་འབྲེལ་གཏུག་ས་འཚུགས20དང་སྡེ་ཁག་དང་ཚན་པ36ལ་སྐྱོད་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཡོད་པ་རེད། སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་ཚུན་དུ་ཏང་རྩ་འཛུགས་ཀྱི་ཁོངས་མི་ཁག་སོ་སོར་རིགས་སྣ་ཚོགས་ཀྱི་བཞུགས་མོལ་ཚོགས་འདུ་ཁག59ཞུགས་པ་དང་། མི་གྲངས589བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་གསར་སྤེལ་མ་འཇོག་ཀུང་སིས་སྔ་ཕྱིར་ཏང་རྩ་འཛུགས་ཀྱི་ཁོངས་མི་ཐེངས་གསུམ་གཅིག་བསྡུས་བྱས་ཏེ། མཉམ་སྡེབ་ཀྱི་སྙིང་གཏམ་གླེང་རེས་དང་ཁག་དབྱེ་ནས་སྙིང་སྙིང་གཏམ་གླེང་རེས་བྱས་ཤིང་། དུས་ཡུན་ཆུ་ཚོད30ཙམ་རིང་འབྲེལ་གཏུག་ཐེངས་གསུམ་བཞི་བྱས་ཏེ། ཕན་ཚུན་ལྟ་སྐུལ་དང་རོགས་རམས་བྱེད་རེས་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག