མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2015ལོའི་ལོ་མཇུག་དུ་རྒྱལ་ཡོངས་ཀྱི་གློག་མེད་པའི་མི་འབོར་ས་ཡ2.73ཡི་གློག་མེད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-19 10:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས17ཉིན་ནི་རྒྱལ་སྤྱིའི་དབུལ་སེལ་ཉིན་མོ་ཐེངས21པ་དེ་ཡིན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ཧྥན་ཞའོ་ཅན་གྱིས་དབུལ་སེལ་དང་གོང་འཕེལ་གྱི་མཐོ་རིམ་གླེང་སྟེགས་ཐོག སྔོན་ལ་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་གང་མགྱོགས་བྱེད་རྒྱུ་མ་ཟད། སྤྱི་ལོ2015ལོར་སླེབས་དུས། ཁྱོན་ཡོངས་ནས་གློག་མེད་པའི་མི་འབོར་ས་ཡ2.73ཡི་གློག་མེད་པའི་གནད་དོན་ཐག་གཅོད་བྱེད་རྒྱུ། དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་བཅོས་དང་། གྲོང་ཚོ་རིམ་པའི་གཞུང་ལམ་ཤར་གཏོང་ལས་གྲྭ་ལག་བསྟར་བྱེད་རྒྱུ་མགྱོགས་སུ་བཏང་ནས། སྤྱི་ལོ2015ལོར་སླེབས་དུས། གཞི་རྩའི་ཆ་ནས་ཐག་རིང་ས་ཁུལ་གྱི་མང་ཚོགས་ཁག་ཅིག་གཙོ་བོ་དཔྱང་ཟམ་ལ་བརྟེན་པ་སོགས་འགྲིམ་འགྲུལ་རྗེས་ལུས་ཡིན་པའི་གནད་དོན་ཐག་གཅོད་བྱེད་རྒྱུ། སྤྱི་ལོ2020ལོར་སླེབས་དུས་སྲིད་འཛིན་གྲོང་ཚོར་ཨར་འདམ་གཞུང་ལམ་དང་རྒྱུན་གཏོང་བབ་ཚུགས་རླངས་འཁོར་ཤར་གཏོང་ཐུབ་པ་བྱེད་རྒྱུ་མ་ཟད། འཛུགས་སྐྲུན་དམིགས་འབེན་སྔ་སྣུར་དུ་ལེགས་གྲུབ་བྱེད་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག སྔོན་ལ་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་གང་མགྱོགས་བྱས་ཏེ། སྤྱི་ལོ2015ལོར་སླེབས་དུས་ཐག་གཅོད་འཆར་འགོད་ནང་ཡོད་པའི་དབུལ་ཕོངས་ས་ཁུལ་དུ་ལྷག་བསྡད་པའི་གྲོང་གསེབ་ཀྱི་ཡུལ་མི་བྱེ་བ་གསུམ་དང་ས་ཡ8.62དང་གྲོང་གསེབ་ཀྱི་སློབ་གྲྭའི་དགེ་སློབ་ས་ཡ6.1ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་ཐུབ་པ་འགན་ལེན་བྱེད་རྒྱུ་ཡིན་པ་རེད། དབུལ་ཕོངས་ས་ཁུལ་གྱི་ཉེན་ཁ་ཡོད་པའི་སྡོད་ཁང་བསྒྱུར་བཅོས་འཆར་གཞི་བཟོས་ནས། གྲོང་གསེབ་ཀྱི་ཉེན་ཁ་ཡོད་པའི་སྡོད་ཁང་བསྒྱུར་བཅོས་ཐད་སྲིད་གཞུང་གི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ་དང་། མུ་མཐུད་ནས་དབུལ་ཕོངས་ས་ཁུལ་ལ་ཕྱོགས་ལྷུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། སྤྱི་ལོ2015ལོར་སླེབས་དུས། དབུལ་ཕོངས་ས་ཁུལ་གྱི་རྫོང་དང་ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཞབས་ཞུའི་དྲ་བ་གཞི་རྩའི་ཆ་ནས་འཐུས་ཚང་འཛུགས་རྒྱུ་དང་། རྫོང་རིམ་པའི་སྨན་ཁང་གི་ནུས་པ་དང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ། ཤང་གྲོང་ཚང་མར་སྲིད་གཞུང་གིས་བཙུགས་པའི་འཕྲོད་བསྟེན་ཁང་རེ་ཡོད་པ་བྱེད་པ། སྲིད་འཛིན་གྲོང་ཚོ་རེར་འཕྲོད་བསྟེན་ཁང་རེ་ཡོད་པ་བྱ་རྒྱུ། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་གྲས་ནང་ཞུགས་ཚད90%ཡན་གཏན་འཇགས་ཡོང་བ་བྱ་རྒྱུ། བྱིས་པའི་ཚབས་ཆེའི་ནད་ཡམས་འགན་སྲུང་བྱེད་པའི་ཆུ་ཚད་རིམ་བཞིན་གོང་མཐོར་གཏོང་རྒྱུ་དང་། ཚབས་ཆེའི་འགོས་ནད་དང་ས་གནས་ཀྱི་ནད་ཚོད་འཛིན་ནུས་ལྡན་ཐུབ་པ་བྱ་རྒྱུ་བཅས་ཡིན་ཞེས་བསྟན་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག