མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨོ་སི་ཁྲི་ལི་ཡའི་ཙུང་ཏུའུ་པུའུ་ལའེ་སི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-18 11:34

132807715_31n.jpg

  སྤྱི་ཟླ10བའི་ཚེས17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨོ་སི་ཁྲི་ལི་ཡའི་ཙུང་ཏུའུ་པུའུ་ལའེ་སི་ལ་མཇལ་འཕྲད་གནང་། མཇལ་འཕྲད་མ་གནང་བའི་སྔོན་ལ་ཞི་ཅིན་ཕེན་གྱིས་པུའུ་ལའེ་སི་རང་རྒྱལ་ལ་འཚམས་འདྲིར་ཡོང་བར་བསུ་བ་བྱས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ10བའི་ཚེས17ཉིན་གྱི་ཕྱི་དྲོར་ཨོ་སི་ཁྲི་ལི་ཡའི་ཙུང་ཏུའུ་པུའུ་ལའེ་སི་ལ་མཇལ་འཕྲད་གནང་།

  མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་བར་མ་ཟད་ཕྱོགས་གཉིས་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས། དེང་སྐབས་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡ་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་རྒྱལ་ཁབ་གཙོ་བོ་གཉིས་ཡིན་པའི་ཆ་ནས་ཐུན་མོང་གི་ཁེ་ཕན་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་མཉམ་ལས་ཀྱི་ཁྱབ་ཁོངས་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད། ཕྱོགས་གཉིས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་ལ་དམིགས་ཏེ། ཕན་ཚུན་ལ་ཡིད་ཆེས་དང་གཉིས་ཕན་མཉམ་རྒྱལ་གྱི་སྙིང་སྟོབས་གཞིར་བཟུང་ནས་མཉམ་དུ་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་མཛའ་མཐུན་མཉམ་ལས་ཐད་ལ་རྣམ་པ་གསར་བ་བསྐྲུན་དགོས་ཟེར།

  པུའུ་ལའེ་སི་ཡིས་བཤད་རྒྱུར། ཨོ་སི་ཁྲི་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་བར་ཁ་གསབ་བྱེད་པའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་ཅིང་ཨོ་སི་ཁྲི་ལི་ཡ་དང་ཀྲུང་གོའི་རང་མོས་གྲོས་མཐུན་མྱུར་དུ་འགོད་པ་དང་། མི་གཞུང་བརྗེ་རེས་དང་རྒྱལ་སྤྱི་དང་ས་གནས་ལས་དོན་ཁྲོད་དུ་གཞོགས་འདེགས་དང་མཐུན་སྦྱོར་དམ་པོ་བྱས་ནས། ཨོ་སི་ཁྲི་ལི་ཡ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་བཟང་བའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །
 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག