མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཨོ་སི་ཁྲི་ལི་ཡའི་ཙུང་ཏུའུ་པུའུ་ལའེ་སི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-18 11:33

0.jpg

  སྤྱི་ཟླ10བའི་ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨོ་སི་ཁྲི་ལི་ཡའི་ཙུང་ཏུའུ་པུའུ་ལའེ་སི་ལ་མཇལ་འཕྲད་གནང་བ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ10བའི་ཚེས17ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨོ་སི་ཁྲི་ལི་ཡའི་ཙུང་ཏུའུ་པུའུ་ལའེ་སི་ལ་མཇལ་འཕྲད་གནང་།

  པུའུ་ལའེ་སི་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོའི་ཟླ་བཞི་བར། ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་དང་ཙུང་ལི་བར་གྱི་ལོ་རེའི་ཐུག་འཕྲད་ལམ་ལུགས་བཙུགས་ལ། དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་ལམ་ཚད་རྡོ་རིང་གསར་བ་ཞིག་ཏུ་གྱུར། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་ཁེ་ཕན་གཙོ་བོ་དང་དོ་སྣང་བྱེད་པའི་གནད་དོན་གལ་ཆེན་ལ་བརྩི་འཇོག་བྱས་ནས། ཁྱབ་ཁོངས་གཙོ་བོའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་འབྲེལ་བ་མགོ་ཚུགས་ས་གསར་བ་ནས་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར།

  པུའུ་ལའེ་སི་ཡིས་བཤད་རྒྱུར། ཨོ་སི་ཁྲི་ལི་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དང་གཏིང་ཟབ་ཏུ་སྤེལ་ནས། ཕྱོགས་མང་ལམ་ལུགས་ཁྲོད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག