མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལིས་ཀྱིས་ཨུ་རུ་སིའི་ཙུང་ཐུང་ནུས་ཁུངས་འཕེལ་རྒྱས་འཐབ་ཇུས་དང་སྐྱེ་ཁམས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-18 11:33

00.jpg

  སྤྱི་ཟླ10བའི་ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཨུ་རུ་སིའི་ཙུང་ཐུང་ནུས་ཁུངས་འཕེལ་རྒྱས་འཐབ་ཇུས་དང་སྐྱེ་ཁམས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། ཨུ་རུ་སི་རྡོ་སྣུམ་ཀུང་ཟིའི་ཙུང་ཚེ་ཞེ་ཆིན་ལ་མཇལ་འཕྲད་གནང་།
 

000.jpg

  སྤྱི་ཟླ10བའི་ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཨུ་རུ་སིའི་ཙུང་ཐུང་ནུས་ཁུངས་འཕེལ་རྒྱས་འཐབ་ཇུས་དང་སྐྱེ་ཁམས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། ཨུ་རུ་སི་རྡོ་སྣུམ་ཀུང་ཟིའི་ཙུང་ཚེ་ཞེ་ཆིན་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་སྤྱི་ཟླ10བའི་ཚེས17ཉིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཨུ་རུ་སིའི་ཙུང་ཐུང་ནུས་ཁུངས་འཕེལ་རྒྱས་འཐབ་ཇུས་དང་སྐྱེ་ཁམས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། ཨུ་རུ་སི་རྡོ་སྣུམ་ཀུང་ཟིའི་ཙུང་ཚེ་ཞེ་ཆིན་ལ་མཇལ་འཕྲད་གནང་།

  ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ནུས་ཁུངས་མཉམ་ལས་ནི་ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་དང་ཙུང་ལི་ཡིས་བྱ་བ་དེ་ནན་འཛིན་བྱས་འོག རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་མཉམ་ལས་མྱུར་དུ་འཕེལ་རྒྱས་སུ་སོང་སྟེ། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་ཕྱོགས་ཡོངས་དང་རིམ་པ་མང་པ། ཆུ་ཚད་མཐོ་བའི་ནུས་ཁུངས་འཐབ་ཇུས་མཉམ་ལས་ཀྱི་རྣམ་པ་གསར་བ་ཞིག་ཆགས་ཡོད། ང་ཚོས་ཐེངས་འདིར་ཐུག་འཕྲད་བྱས་པ་ནི་མི་འགྱང་བར་བསྡུ་རྒྱུ་ཡིན་པའི་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བའི་རྨང་གཞིའི་སྟེང་། མི་འགྱང་བར་བསྡུ་རྒྱུ་ཡིན་པའི་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལི་བར་གྱི་དུས་བཅད་ཐུག་འཕྲད་ཐེངས་བཅོ་བརྒྱད་པར་ནུས་ཁུངས་མཉམ་ལས་ཕྱོགས་ཀྱི་གྲ་སྒྲིག་བཟང་བོ་བྱེད་རྒྱུ་དེ་ཡིན་ཟེར།

  ཞེ་ཆིན་གྱིས་བཤད་རྒྱུར། ཀྲུང་གོ་ནི་ཨུ་རུ་སིའི་བློ་གཏད་ཆོག་པའི་ནུས་ཁུངས་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་ནུས་ཁུངས་མཉམ་ལས་རྒྱ་བསྐྱེད་པ་དང་གཏིང་ཟབ་ཏུ་སྤེལ་བར་ཧུར་ཐག་སྒོས་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག