མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ཟླ1པོ་ནས་སྤྱི་ཟླ9བའི་བར་རང་རྒྱལ་གྱིས་ཕྱི་ཕྱོགས་སུ་ཐད་ཀར་མ་འཇོག་བྱེད་ཚད་དེ་དུས་མཚུངས་ལས17.4%འཕར་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-18 11:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས17ཉིན་ཚོང་དོན་པུས་གྲངས་གཞི་ཁྱབ་བསྒྲགས་བྱས་ནས། ད་ལོའི་སྤྱི་ཟླ1པོ་ནས་སྤྱི་ཟླ9པའི་བར། རང་རྒྱལ་མངའ་ཁོངས་ཀྱི་མ་འཇོག་མཁན་ལ་རིམ་རྩིས་བྱས་ན་དངུལ་རྩ་མ་ཡིན་པའི་རིགས་ཀྱི་ཐད་ཀའི་མ་དངུལ་ཨ་སྒོར་དུང་ཕྱུར616.4མངོན་འགྱུར་བྱུང་བ་དེ་དུས་མཚུངས་ལས17.4%འཕར་ཡོད། བསྡོམས་རྩིས་རྒྱབ་པ་ལས་མངོན་པར། སྤྱི་ཟླ1པོ་ནས9པའི་བར། རང་རྒྱལ་ནང་ས་ནས་ཀྲུང་གོའི་ཤང་གང་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ། ཡོ་རོབ་མནའ་འབྲེལ། ཨའོ་སི་ཁྲུ་ལི་ཡ། ཨ་རི། ཨུ་རུ་སུ། ལྗར་པན་བཅས་གལ་ཆེའི་དཔལ་འབྱོར་མ་ལག7ལ་མ་འཇོག་ཨ་སྒོར་དུང་ཕྱུར424.7བྱས་པ་དེས། རང་རྒྱལ་གྱིས་ཕྱི་ཕྱོགས་སུ་ཐད་ཀར་མ་དངུལ་འཇོག་པའི་སྤྱི་འབོར་གྱི་དུས་མཉམ་ལས68.9%བཟུང་བ་དེ་དུས་མཚུངས་ལས3.2%འཕར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག