མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་ལས་བྱེད་སློབ་གསོའི་གསོ་སྦྱོང་གྲོས་ཚོགས་པེ་ཅིན་དུ་འཚོགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-17 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་ལས་བྱེད་སློབ་གསོའི་གསོ་སྦྱོང་གྲོས་ཚོགས་སྤྱི་ཟླ10བའི་ཚེས14ཉིན་པེ་ཅིན་དུ་འཚོགས་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཀྲའོ་ལེ་ཅིས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་གལ་ཆེའི་གསུངས་བཤད་དགོངས་དོན་རབ་ད་རིམ་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ལོ2013ལོ་ནས2017ལོའི་བར་གྱི་རྒྱལ་ཡོངས་ལས་བྱེད་སློབ་གསོའི་གསོ་སྦྱོང་འཆར་གཞི་དོན་འཁྱོལ་ནན་ཏན་བྱེད་པ། ཚད་གཞི་མཐོ་པོ་དང་རེ་བ་ནན་པོ་རྒྱུན་འཁྱོང་བྱས་ཏེ། ལས་བྱེད་སློབ་གསོའི་གསོ་སྦྱོང་བྱ་ཐབས་ཐད་ཀྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས་པ། སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། གཙོ་གནད་དུ་ཏང་དང་མི་དམངས་ལ་མཁོ་བའི་ལས་བྱེད་པ་ཡག་པོ་གསོ་སྐྱོང་བྱས་ཏེ། ལོ་བརྒྱ་བྱས་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་སྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྲ་ཞིང་བརྟན་པའི་་འགན་སྲུང་བྱ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག