མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་བདེ་ཐང་ཞབས་ཞུའི་ལས་རིགས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ཀྱི་བསམ་འཆར་འགའ་ཞེས་པ་པར་འགྲེམ་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-17 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བདེ་ཐང་ཞབས་ཞུའི་ལས་རིགས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ཀྱི་བསམ་འཆར་འགའ་ཞེས་པ་པར་འགྲེམ་བྱས་ཡོད་པ་རེད།

བསམ་འཆར་ནང་། མི་དམངས་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་ཞབས་ཞུའི་དགོས་མཁོར་འགན་སྲུང་བྱས་པའི་རྨང་གཞིའི་ཐོག སྤྱི་ཚོགས་སྟོབས་ཤུགས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སློང་ཡག་པོ་བྱེད་དགོས། འབད་པ་ཆེན་པོས་སྤྱི་ལོ2020ལོར་སླེབས་དུས། ཚེ་སྲོག་ཧྲིལ་པོར་ཁྱབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། གྲུབ་ཆ་ལུགས་ཐུན་ཡིན་པའི་བདེ་ཐང་ཞབས་ཞུའི་ལས་རིགས་ཀྱི་མ་ལག་ཞིག་ཐོག་མའི་ཆ་ནས་བཙུགས་ཐུབ་པ་བྱ་རྒྱུ་དང་། བདེ་ཐང་ཞབས་ཞུའི་ལས་རིགས་ཀྱི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི8ཟིན་པ་བྱ་དགོས། བདེ་ཐང་ཞབས་ཞུའི་ལས་རིགས་ནང་གཙོ་བོ་སྨན་བཅོས་ཞབས་ཞུ། བདེ་སྲུང་སྔོན་འགོག་དང་། ལུས་རྩལ་ལུས་སྦྱོང་སོགས་ཀྱི་གཙོ་བོ་བྱས་པའི་བདེ་ཐང་དོ་དམ་དང་བདེ་ཐང་ལ་སྐུལ་འདེད། བདེ་ཐང་འགན་བཅོལ་དང་། དེ་བཞིན་ཕྱོགས་གཞན་གྱི་ཞིབ་དཔྱད་ཚད་ལེན་དང་། སྨན་རྫས། སྨན་བཅོས་ཡོ་ཆས་སོགས་ཀྱི་ཚབ་བྱས་པའི་བདེ་ཐང་ཞབས་ཞུའི་འདེགས་སྐྱོར་ཐོན་ལས་བཅས་ཚུད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག