མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནང་སོག་གིས་སྟོན་འབྲུ་མུའུ་བྱེ་བ6.5བརྔ་བསྡུ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-17 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཟླ10བའི་ཚེས15ཉིན་ནང་སོག་རང་སྐྱོང་ལྗོངས་ས་གཤིས་རྫས་ལུད་དང་ཆུ་གྲོན་ཆུང་གི་ཞིང་ལས་ལས་དོན་ས་ཚིགས་ནས་ཤེས་རྟོགས་བྱུང་བར། མིག་སྔར་ནང་སོག་རང་སྐྱོང་ལྗོངས་ཀྱི་འབྲུ་རིགས་ལོ་ཏོག་ཚང་མ་སྨིན་ཟིན་པ་དང་། མ་རྨོས་ལོ་ཏོག་བསྡུ་ལེན་བྱེད་པའི་སྒང་ཡིན་པ། ཞོག་ཁོག་དང་རྒྱ་སྲན་བསྡུས་ཚར་གྲབས་ཡོད་པ་རེད། ས་གཤིས་རྫས་ལུད་ཁོངས་གཏོགས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་སླེབས་དུས་ལྗོངས་དེ་ཡོངས་ཀྱི་སྟོན་འབྲུ་མུའུ་བྱེ་བ6.5བརྔ་བསྡུ་ཟིན་པ་དང་། འདེབས་འཛུགས་རྒྱ་ཁྱོན་གྱི74.2%ལེགས་གྲུབ་ཟིན་ཡོད་པ་རེད།

ལྗོངས་དེ་ཡོངས་ཀྱི་སེར་ལངས་ཚུལ་ལྟ་ཞིབ་ས་ཚིགས་ཁག་ལ་ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་མངོན་པར། ནང་སོག་གི་ས་ཞིང་མང་ཆེ་བའི་སེར་ལངས་ཚུལ་ཡག་པོ་ཡོད་པ་དང་། དེས་རྨོ་ཞིང་སྤྱིའི་རྒྱ་ཁྱོན་གྱི87.3%ཟིན་པ། ས་ཁུལ་ཁག་ཅིག་ལ་སེར་ཡག་པོ་རན་མེད་པ་དང་དེས12.7%ཟིན་ཡོད། ལས་དོན་ས་ཚིགས་ཀྱིས་ས་གནས་ཁག་གིས་དུས་ཐོག་ཏུ་གནམ་གཤིས་ཀྱི་འགྱུར་བའི་གནས་ཚུལ་ཁོང་དུ་ཆུད་པ་དང་། གནམ་དྭངས་པའི་གནམ་གཤིས་ཡག་པོ་བསྟན་རིང་སྐམ་གསེད་དང་བསྡུ་ཉར་བྱས་ཏེ་གནམ་གཤིས་གྲང་ངར་ཆེ་བའི་རྐྱེན་གྱིས་གྱོང་གུན་མི་ཕོག་པ་བྱེད་དགོས་པ་དང་ལྷག་པར་དུ་ཞོག་ཁོག་གང་མགྱོགས་བསྡུ་བ་དང་ཉར་ཚགས་བྱས་ནས། གནམ་གཤིས་གྲང་ངར་ཆེ་བའི་རྐྱེན་གྱིས་གྱོང་གུན་མི་ཕོག་པ་བྱེད་དགོས། ད་དུང་བརྔ་བསྡུ་བྱས་ཚར་མེད་པའི་ས་ཁུལ་གྱིས་གནམ་གཤིས་འགྱུར་བར་གཞིགས་ནས་གནམ་གཤིས་ཡག་པོ་བསྟན་དུས་དུས་ཐོག་ཏུ་བརྔ་བསྡུ་བྱེད་དགོས་པ་དང་། བསྡུ་ལེན་ཟིན་པའི་ས་ཞིང་ལ་དུས་ཐོག་ཏུ་ས་སློག་རྒྱག་པ་དང་ཤལ་རྒྱག་པ། རང་བྱུང་ཆར་ཆུ་གསོག་འཇོག་བྱེད་པ་བཅས་བྱས་ཏེ། དུས་སང་ལྗང་པ་ཡག་པོ་སྐྱེས་འཚར་ཡོང་རྒྱུར་རྨང་གཞི་འདིང་དགོས་པ་དང་། སྟོན་ཆར་དཔྱིད་ཀར་ཕན་ཐོགས་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག