མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བློ་མཐུན་ཀྲིན་ཐེན་ཞང་གི་བེམ་པོ་པེ་ཅིན་པ་པོ་རི་བོའི་གསར་བརྗེ་སྤྱིའི་བང་སོ་ནས་སྦྱིན་བསྲེགས་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-17 11:07

1.jpg

 སྤྱི་ཟླ10བའི་ཚེས16ཉིན། བློ་མཐུན་ཀྲིན་ཐེན་ཞང་གི་བེམ་པོ་པེ་ཅིན་པ་པོ་རི་བོའི་གསར་བརྗེ་སྤྱིའི་བང་སོ་ནས་སྦྱིན་བསྲེགས་བྱས། ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས། ཧུའུ་ཅིན་ཐའོ་སོགས་བློ་མཐུན་གྱིས་སྐྱེལ་མ་བྱས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཡུན་རིང་ཉམས་སད་ཐེག་པའི་བློས་ཐུབ་ཀྱི་གུང་ཁྲན་རིང་ལུགས་འཐབ་མོ་བ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་བ། རང་རྒྱལ་སྲིད་ཁྲིམས་འཐབ་ཕྱོགས་ཀྱི་ཕུལ་བྱུང་མགོ་ཁྲིད་པ། ཀྲུང་གུང་ཀྲུང་དབྱང་བློ་འདྲི་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་སྔོན་ཆད་ཀྱི་ཡོན་ཀྲང་བློ་མཐུན་ཀྲིན་ཐེན་ཞང་གི་བེམ་པོ་སྤྱི་ཟླ10བའི་ཚེས16ཉིན་པེ་ཅིན་པ་པོ་རི་བོའི་གསར་བརྗེ་སྤྱིའི་བང་སོ་ནས་སྦྱིན་བསྲེགས་བྱས།

  བློ་མཐུན་ཀྲིན་ཐེན་ཞང་ལ་སྙུང་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་མ་ཐོགས་པར2013ལོའི་སྤྱི་ཟླ10བའི་ཚེས10ཉིན་གྱི་དུས་ཚོད8ཀྱི་སྟེང་པེ་ཅིན་ནས་སྐུ་གཤེགས་པ་དང་དགུང་ལོ99རེད།

  བློ་མཐུན་ཀྲིན་ཐེན་ཞང་ལ་སྙུང་གཞི་ཕོག་པའི་སྐབས་དང་སྐུ་གཤེགས་རྗེས་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས། ཅང་ཙེ་མེན། ཧུའུ་ཅིན་ཐའོ་སོགས་བློ་མཐུན་གྱིས་སྨན་ཁང་དུ་འགྲོ་བའམ་བྱེད་ཐབས་སྣ་ཚོགས་བརྒྱུད་དེ་བློ་མཐུན་ཀྲིན་ཐེན་ཞང་སྐུ་གཤེགས་པར་སེམས་སྐྱོ་བའི་ངང་ནས་མྱ་ངན་ཞུས་པར་མ་ཟད། ཁོང་གི་ཁྱིམ་མི་ཡོངས་ལ་བརྩེ་བའི་འཚམས་འདྲི་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག