མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལིས་ཀྱིས་སིང་ཀ་ཕོར་ལ་འཚམས་འདྲི་གནང་རྒྱུ་ཡིན་པར་མ་ཟད་ཀྲུང་གོ་དང་སིང་ཀ་ཕོར་ཕྱོགས་གཉིས་ཀྱི་མཉམ་ལས་ལས་ཁུངས་ཀྱི་གྲོས་ཚོགས་ལ་མགོ་འཛིན་མཛད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-17 11:07

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ཀ་ཕོར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པའི་ཞོར་དུ་རྒྱལ་ཁབ་བདེ་འཇགས་གཅིག་གྱུར་འཆར་འགོད་པུའུ་ཀྲང་དང་ནང་སྲིད་པུའུ་ཀྲང་གི་འགན་ཁུར་མཁན་ཀྲང་ཀྲི་ཞན་གྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་སྤྱི་ཟླ10བའི་ཚེས20ཉིན་ནས་ཚེས23ཉིན་བར་སིང་ཀ་ཕོར་ལ་འཚམས་འདྲི་གནང་རྒྱུ་ཡིན་པར་མ་ཟད། ཀྲུང་གོ་དང་སིང་ཀ་ཕོར་གཉིས་ཀྱི་མཉམ་ལས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བ་དང་། ཀྲུང་གོ་དང་སིང་ཀ་ཕོར་གཉིས་ཀྱི་སུའུ་ཀྲིག་བཟོ་ལས་ས་ཁུལ་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་ལྔ་བ། ཀྲུང་གོ་དང་སིང་ཀ་ཕོར་གཉིས་ཀྱི་ཐེན་ཅིན་སྐྱེ་ཁམས་གྲོང་ཁྱེར་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་དྲུག་པར་མགོ་འཛིན་མཛད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག