མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཝང་ཆི་ཧྲན་གྱིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སྲིད་སྐྱོང་ཟབ་སྦྱོང་འཛིན་གྲྭའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-17 11:07

0.jpg

  སྤྱི་ཟླ10བའི་ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་པེ་ཅིན་ནས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སྲིད་སྐྱོང་ཟབ་སྦྱོང་འཛིན་གྲྭའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནང་།  

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་སྤྱི་ཟླ10བའི་ཚེས16ཉིན་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སྲིད་སྐྱོང་ཟབ་སྦྱོང་འཛིན་གྲྭའི་བཞུགས་མོལ་ཚོགས་འདུའི་སྟེང་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མགོ་ཁྲིད་ལས་བྱེད་པའི་ཕུགས་བསམ་དང་ཡིད་ཆེས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། སྣེ་ཁྲིད་དེ་སྤྱོད་ངན་བཞི་ཡོ་བསྲང་བྱེད་པ་དང་། སྣེ་ཁྲིད་དེ་སྤྱོད་གཙང་རང་གཅུན་བྱེད་དགོས་ཞེས་ནན་གྱིས་གསུངས།

  ཝང་ཆི་ཧྲན་གྱིས་ནན་གྱིས་བསྟན་དོན། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་གནད་འགག་དེ་ཏང་ལ་རག་ལས་ཡོད་པས། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་རང་ཉིད་ཀྱི་ཆབ་སྲིད་རྣམ་པ་དང་ཏང་ནང་གི་ལས་འགན་གྱིས་གནང་བའི་ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་། ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་དམ་པོར་བཅངས་ཏེ། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་ངོ་བོ་སྲུང་འཛིན་བྱེད་དགོས། སྤྱོད་ངན་བཞི་ཡོ་བསྲང་མ་བྱས་ན། སྤྱོད་གཙང་སྲིད་སྐྱོང་བྱེད་རྒྱུ་ཧ་ཅང་དཀའ། ཀྲུང་དབྱང་གི་ཆོད་དོན་བརྒྱད་པོ་ལག་ལེན་མཐར་ཕྱིན་བྱེད་རྒྱུ་སྤྱོད་གཙང་རང་གཅུན་བྱེད་པའི་བྱ་སྤྱོད་དངོས་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག