ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས། ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར50བཀོད་སྒྲིག་བྱས་ཏེ། པེ་ཅིན་དང་། ཐེན་ཅིང་། ཧོ་པེ་བཅས་དང་། དེ་བཞིན་ས་ཆ་དེ་གསུམ་པོའི་ཉེ་འཁོར་ས་ཁུལ་གྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་བཅོས་སྐྱོང་ལས་དོན་ཐད་བེད་སྤྱོད་གཏོང་རྒྱུ་དང་། དེའི་ནང་བཅོས་སྐྱོང་ལས་འགན་ལྕི་བའི་ཧོ་པེ་ཞིང་ཆེན་ལ་དངུལ་མང་ཙམ་བཀོལ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལས་གཞི་དེའི་མ་དངུལ་བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པའི་བྱ་ཐབས་སྤྱད་དེ་གཤམ་སྤེལ་བྱས་པ་དང་། ལོ་འཁོར་དེ་མཇུག་སྒྲིལ་རྗེས། ཀྲུང་དབྱང་ནོར་སྲིད་ཀྱིས་གོང་དུ་ཞུས་པའི་ས་ཆ་དེ་དག་གི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ལས་དོན་གྱི་གྲུབ་འབྲས་ལ་དཔྱད་དཔོག་བྱ་རྒྱུ་མ་ཟད། དཔྱད་དཔོག་མཇུག་འབྲས་ལ་གཞིགས་ཏེ་བྱ་དགའ་མ་དངུལ་ཞིབ་རྩིས་བྱ་རྒྱུ་རེད། །