མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལིས་དང་ཏི་བོ་ཨར་ཁི་ཝེ་ཆི་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བ་བསྡུས་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-16 15:55

0000000.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞི་ཀྲང་ཀའོ་ལིས་ཀྱིས་ཚེས15ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་ཙུང་ལི་གཞོན་པ། ཨུ་རུ་སི་ཕྱོགས་ཀྱི་ཀྲུའུ་ཞི་ཏི་བོ་ཨར་ཁི་ཝེ་ཆི་དང་མཉམ་དུ«ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བའི་ཟིན་བྲིས་གནད་བསྡུས»སྟེང་མིང་བཀོད། 

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞི་ཀྲང་ཀའོ་ལིས་ཀྱིས་སྤྱི་ཟླ10པའི་ཚེས15ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་ཙུང་ལི་གཞོན་པ། ཨུ་རུ་སི་ཕྱོགས་ཀྱི་ཀྲུའུ་ཞི་ཏི་བོ་ཨར་ཁི་ཝེ་ཆི་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བ་བསྡུས་ནས། མི་འགྱང་བར་འཚོགས་རྒྱུ་ཡིན་པའི་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་གྲོས་མོལ་ཐེངས་བཅོ་བརྒྱད་པར་གྲ་སྒྲིག་བྱས།

    ཚོགས་ཐོག་ནས་ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཀྲུང་གོ་དང་ཨུ་རུ་སིའི་མཉམ་ལས་ནི་དུས་ཡུན་རིང་ཞིང་ཕྱོགས་ཡོངས་དང་འཐབ་ཇུས་རང་བཞིན་ལྡན་ལ། ཕྱོགས་གཉིས་ཀར་ཐོན་ཁུངས་དང་ཚོང་ར། ལག་རྩལ་སོགས་ཕྱོགས་སུ་ཁ་གསབ་རང་བཞིན་ལྡན་པ་དང་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ་ནུས་ཁུངས་མཉམ་ལས་ཕྱོགས་ཡོངས་ནས་རྒྱ་བསྐྱེད་འདོད་ཡོད་ཟེར།

    ཏི་བོ་ཨར་ཁི་ཝེ་ཆི་ཡིས་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་ལྟར། ཕྱོགས་གཉིས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། ཨུ་རུ་སི་དང་ཀྲུང་གོའི་ནུས་ཁུངས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

    གྲོས་མོལ་མཛད་རྗེས། ཀྲང་ཀའོ་ལིས་དང་ཏི་བོ་ཨར་ཁི་ཝེ་ཆི་གཉིས་ཀས་མཉམ་དུ«ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བའི་ཟིན་བྲིས་གནད་བསྡུས»སྟེང་མིང་བཀོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག