མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་ཡིས་ཚེས་ཉེར་གཉིས་དང་ཉེར་གསུམ་ཉིན་གཉིས་ལ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-16 15:55

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གདན་དྲངས་པ་ལྟར། ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་ཡིས་སྤྱི་ཟླ10པའི་ཚེས22དང་ཚེས23ཉིན་གཉིས་ལ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། སྐབས་དེར་ལིས་ཁི་ཆང་དང་མེ་ཏི་ཝེ་ཅེ་ཧྥུའུ་རྣམ་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་གྲོས་མོལ་ཐེངས་བཅོ་བརྒྱད་པར་མགོ་འཛིན་མཛད་རྒྱུ་རེད།

འཚམས་འདྲིའི་སྐབས་སུ་མེ་ཏི་ཝེ་ཅེ་ཧྥུའུ་ཡིས་ཞིན་ཧྭ་དྲ་ངོས་བརྒྱུད་ནས་ཀྲུང་གོའི་དྲ་ཞུགས་མི་སྣར་ཁ་བརྡ་བྱེད་རྒྱུ་ཡིན་པར་མ་ཟད་ཀྲུང་གོའི་དྲ་ཞུགས་མི་སྣས་བཏོན་པའི་གནད་དོན་ལ་ལན་འདེབ་རྒྱུ་ཡིན་ལ། ཞིན་ཧྭ་དྲ་ངོས་ཀྱིས་རྒྱ་ཡིག་གིས་ཁ་བརྡ་བྱས་པའི་བརྒྱུད་རིམ་ཐད་གཏོང་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག