མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧ་སག་སི་ཐན་གྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་ཉི་ཀི་མ་ཐུའུ་ལིན་ལ་མཇལ་འཕྲད་གནང་བ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-16 15:55

0.jpg

སྤྱི་ཟླ10བའི་ཚེས15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧ་སག་སི་ཐན་གྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་ཉི་ཀི་མ་ཐུའུ་ལིན་ལ་མཇལ་འཕྲད་གནང་བ།  

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ10པའི་ཚེས15ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧ་སག་སི་ཐན་གྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་ཉི་ཀི་མ་ཐུའུ་ལིན་ལ་མཇལ་འཕྲད་གནང་།

    ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཟླ་དགུ་བར་ངས་ཧ་སག་སི་ཐན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་བྱས་ཏེ། ཙུང་ཐུང་ན་ཀྲ་ཨར་པ་ཡེ་ཧྥུའུ་དང་ལྷག་བསམ་ཟོལ་མེད་སྒོས་གྲོས་མོལ་བྱས་པར་མ་ཟད། ཐུན་མོང་གི་ལྟ་བ་རབ་དང་རིམ་པ་བྱུང་། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ནང་དོན་སྔར་ལས་འཐུས་ཚང་དང་ཕུན་སུམ་ཚོགས་པའི་ཀྲུང་གོ་དང་ཧ་སག་སི་ཐན་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཞིག་བཙུགས་ཏེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་སྟོབས་ཤུགས་གསར་བ་སྣོན་ཐུབ་པར་ང་ཚོར་ཡིད་ཆེས་ཡོད་ཟེར།

    ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཁྲིམས་འཛུགས་ལས་ཁུངས་བར་གྱི་མཉམ་ལས་ནི་ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཚབ་བྱེད་ཐབས་མེད་པའི་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱེད་ཐུབ་པས། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་ཉམས་མྱོང་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་པ་དང་། ཕུན་ཚུན་ལ་སློབ་སྦྱོང་བྱས་ཏེ། རྒྱལ་ཁབ་རང་གི་ཁྲིམས་སྐྱོང་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་། འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་པར་ཕན་ཚུན་ལ་རོགས་སྐྱོར་བྱེད་དགོས་ཟེར།

    ཉི་ཀི་མཱ་ཐུའུ་ལིན་གྱིས་ཧ་སག་སི་ཐན་གྲོས་ཁང་གིས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་བདེ་བླག་ངང་སྤེལ་བར་ཧུར་ཐག་སྒོས་ཁྲིམས་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཏེ། ཧ་སག་སི་ཐན་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་པའི་ཚུལ་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག