མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཐེ་གོའི་ཆིན་མེད་གྲོང་ཁྱེར་དུ་སྡེ་བ་རེར་ཐོན་རྫས་རེ་ཡོད་པའི་ལས་གཞི་ལ་གཟིགས་ཞིབ་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-14 11:13

000.jpg

      སྤྱི་ཟླ10བའི་ཚེས13ཉིན། ཐེ་གོའི་ཙུང་ལི་དབྱིན་ལཱ་ཡི་འགྲོ་རོགས་འོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཆིན་མེད་གྲོང་ཁྱེར་དུ་སྡེ་བ་རེར་ཐོན་རྫས་རེ་ཡོད་པའི་ལས་གཞི་ལ་གཟིགས་ཞིབ་གནང་།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས13ཉིན་གྱི་སྔ་དྲོར། ཐེ་གོའི་ཙུང་ལི་དབྱིན་ལཱ་ཡི་འགྲོ་རོགས་འོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཆིན་མེད་གྲོང་ཁྱེར་དུ་སྡེ་བ་རེར་ཐོན་རྫས་རེ་ཡོད་པའི་ལས་གཞི་ལ་གཟིགས་ཞིབ་གནང་།

  ཉིན་དེར་འགྲེམ་སྟོན་ལྟེ་གནས་ཐང་ཆེན་དུ་ས་གནས་ཀྱི་ལག་བཟོ་བས་ཐོན་རྫས་བཟོ་བའི་བརྒྱུད་རིམ་དཔེ་སྟོན་བྱེད་བཞིན་ཡོད། ལིས་ཁི་ཆང་ཁོ་ཚོའི་མདུན་དུ་སོང་ནས་ཐོན་རྫས་ཀྱི་རིགས་དང་ཁྱད་ཆོས། ཐོན་ལས་ལས་སྣོན་གྱི་རྣམ་པ། ཚོང་ར་གསར་གཏོད་སོགས་ཀྱི་གནས་ཚུལ་ཞིབ་འདྲི་མཛད་པར་མ་ཟད། ཐོན་རྫས་ཀྱི་ཇུས་འགོད་དང་ལག་བཟོའི་ཁྱད་ཆོས་ཐད་ཀྱི་གསར་གཏོད་ལ་གཟེངས་བསྟོད་མཛད།

  དབྱིན་ལཱ་ཡིས་མཚམས་སྦྱོར་བྱས་དོན། ཐེ་གོ་ལ་ཚོར་རར་ཞིབ་བཤེར་དང་དགོས་མཁོ་རྒྱུས་ལོན་བྱེད་པ་དང་། ཞིང་བ་མང་ཚོགས་ལ་རོགས་རམ་བྱས་ནས་ཕྱིར་འཚོང་ཐབས་ལམ་རྒྱ་བསྐྱེད་པའི་ཆེད་ལས་ལས་ཁུངས་ཡོད་ཟེར། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོས་ཀྱང་དེ་དང་འདྲ་བའི་ལས་གཞི་ཁྱབ་གདལ་དུ་བཏང་སྟེ་གནས་སྐོར་དང་ལག་བཟོའི་ཐོན་རྫས་གཞི་གཅིག་ཏུ་བསྡུས་ནས་གསར་གཏོད་བྱེད་བཞིན་པ་དང་། ཞིང་བ་མང་ཚོགས་ལ་ཚོང་ར་བཙལ་རོགས་བྱས་ནས་ཡོང་སྒོ་ཇེ་མང་དུ་གཏོང་བཞིན་ཡོད་ཟེར།

  གཟིགས་ཞིབ་གནང་ཚར་རྗེས། ལིས་ཁི་ཆང་གིས་ཐེ་གོའི་མང་ཚོགས་རེ་རེ་ལ་ཕྱག་འཇུ་གནང་ནས་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ཏེ་ཁོ་ཚོར་བརྩེ་བའི་སྨོན་འདུན་བཟང་བོ་ཞུས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག