མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཐེ་གོའི་ཀོང་ཇོ་ཧྲི་ལིན་ཐུང་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-14 11:13

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་དུས་ཚོད་སྤྱི་ཟླ10བའི་ཚེས13ཉིན་གྱི་སྔ་དྲོར་ཐེ་གོའི་རྒྱལ་བོའི་ཕོ་བྲང་ནས་ཐེ་གོ་རྒྱལ་བོ་ཕུའུ་སྨིས་ཕུན་གྱི་འཐུས་མི་ཀོང་ཇོ་ཧྲི་ལིན་ཐུང་ལ་མཇལ་འཕྲད་གནང་། ཐེ་གོའི་ཙུང་ལི་དབྱིན་ལཱ་མཇལ་འཕྲད་ལ་ཞུགས།

ལིས་ཁི་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྒྱལ་བོ་ཕུའུ་སྨིས་ཕུན་དང་རྒྱལ་བོ་ཚང་གི་མི་སྣར་སྙིང་ཉེ་བའི་ངང་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་མཛད། ཁོང་གིས་གསུངས་རྒྱུར། ཐེ་གོའི་རྒྱལ་བོ་ཚང་གིས་དུས་ཡུན་རིང་བོར་ཀྲུང་གོ་དང་ཐེ་གོའི་བར་གྱི་མཛའ་འབྲེལ་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བཤེས་ཇེ་དམ་དུ་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལྟ་ཀྲུང་གོ་དང་ཐེ་གོའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་ཞིག་ཏུ་བསླེབས་ཡོད། ཀྲུང་གོ་སྲིད་གཞུང་གིས་ཐེ་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོན་ཆེན་བྱེད་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་ཟུང་འབྲེལ་བྱས་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་གོ་དང་ཐེ་གོའི་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བར་སྟོབས་ཤུགས་གསར་བ་སྣོན་འདོད་ཡོད་ཟེར།

ཀོང་ཇོ་ཧྲི་ལིན་ཐུང་གིས་ཙུང་ལི་ལིས་ཁི་ཆང་གིས་ཐེ་གོར་ཕུན་སུམ་ཚོགས་པའི་འཚམས་འདྲི་མཛད་པར་རྟེན་འབྲེལ་ཞུས་པར་མ་ཟད། ཐེ་གོའི་རྒྱལ་བོ་ཚང་གིས་ཐེ་གོ་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཐེ་གོའི་སྲིད་གཞུང་གིས་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པར་རོགས་སྐྱོར་བྱེད་རྒྱུ་ཡིན་ཞེས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག