མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་གསར་འགོད་པ250000ལས་ཐོག་ཟབ་སྦྱོང་ནང་ཞུགས་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-14 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱིས་ཉེ་ཆར་གྲོས་ཚོགས་སྐོང་འཚོགས་བྱས་ནས་ཀྲུང་དབྱང་གི་གསར་འགྱུར་ཚན་པ་གཙོ་བོ18ཀྱིས་བཅར་འདྲི་ཞུ་མཁན་གསར་འགོད་པ་དང་རྩོམ་སྒྲིག་མི་སྣར་ལས་ཐོག་ཟབ་སྦྱོང་ལས་དོན་བྱེད་རྒྱུ་བཀོད་སྒྲིག་བྱས་ཡོད་པ་རེད།

ཐེངས་འདིའི་ཟབ་སྦྱོང་ནང་གསར་འགྱུར་བཅར་འདྲི་དང་རྩོམ་སྒྲིག་མི་སྣ་ཡོངས་ལ་ཟབ་སྦྱོང་བྱེད་རྒྱུ་དང་དེའི་ནང་ཚགས་པར་དང་དུས་དེབ། གསར་འགྱུར་ཁང་། རླུང་འཕྲིན། བརྙན་འཕྲིན་བཅས་དང་ད་དུང་གསར་འགྱུར་གློག་བརྙན་བཟོ་གྲྭ། དེ་བཞིན་ཀྲུང་དབྱང་གི་གཙོ་གནད་གསར་འགྱུར་དྲ་ཚིགས་ཀྱི་གསར་འགྱུར་འགོད་མཁན་གསར་འགོད་པ་བཅས་ཚུད་ཡོད་པ་དང་དེས་མ་ཟད་ད་དུང་ལག་ཁྱེར་མེད་པའི་བཅར་འདྲི་ཞུ་མཁན་གསར་འགོད་པ་དང་རྩོམ་སྒྲིག་མི་སྣ་ཁག་ཅིག་ཟབ་སྦྱོང་ནང་ཞུགས་དགོས་ཀྱི་ཡོད་པ་དང་ཁྱོན་མི250000ཡི་གཡས་གཡོན་ཟིན་གྱི་ཡོད་པ་རེད། ཟབ་སྦྱོང་དེ་གསར་འགྱུར་ཚན་པ་ཁག་སོ་སོས་སྒྲིག་འཛུགས་བྱེད་རྒྱུ་གཙོ་བོ་བཟུང་རྒྱུ་ཡིན་པ་དང་ཟབ་སྦྱོང་གི་དུས་ཚོད་ད་ལྟ་ནས་ད་ལོའི་སྤྱི་ཟླ12པའི་ཟླ་མཇུག་ཏུ་ཡོངས་སུ་མཇུག་སྒྲིལ་རྒྱུ་ཡིན་པ་མ་ཟད་སྤྱི་ལོ2014ལོའི་སྤྱི་ཟླ1པོ་ནས་སྤྱི་ཟླ2་པའི་བར་གཅིག་གྱུར་ཐོག་སྒྲིག་འཛུགས་བྱས་ནས་ལས་མི་ཡོངས་ལ་ཡིག་ཚད་གཏོང་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག