མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2015ལོའི་ལོ་མཇུག་གོང་རྒྱལ་ཡོངས་སུ་རྡོ་སོལ་གཏེར་ཁུངས་ཆུང་གྲས2000ཡན་སྒོ་རྒྱག་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-14 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་སྲིད་གཞུང་དྲ་བའི་ཐོག་སྤྱི་ཟླ10བའི་ཚེས12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས་རྡོ་སོལ་གཏེར་ཁུངས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་ཞེས་པ་སྤེལ་བ་རེད། བསམ་འཆར་ནང་། སྤྱི་ལོ2015ལོའི་ལོ་མཇུག་གོང་རྒྱལ་ཡོངས་སུ་རྡོ་སོལ་གཏེར་ཁུངས་ཆུང་གྲས2000ཡན་སྒོ་རྒྱག་དགོས་ཞེས་བཏོན་ཡོད།

བསམ་འཆར་ནང་རྗེས་ལུས་ཐེབས་པའི་རྡོ་སོལ་གཏེར་ཁུངས་ཆུང་གྲས་སྒོ་གང་མགྱོགས་རྒྱག་དགོས་ཞེས་དང་། ལོ་རེའི་ཐོན་འབོར་ཏུན་དགུ་ཁྲི་ལས་མི་ཟིན་པ་དང་ཡང་ན་ཁྲི9མན་གྱི་བདེ་འཇགས་ཐོན་སྐྱེད་ཆ་རྐྱེན་ཚང་མེད་རིགས་ཀྱི་རྡོ་སོལ་གཏེར་ཁུངས་གཙོ་གནད་དུ་སྒོ་རྒྱག་དགོས་པ་དང་། ལོ་རེའི་ཐོན་འབོར་ཏུན་ཁྲི9ལས་མི་ཟིན་པ་དང་ཡང་ན་ཁྲི9མན་གྱི་རྡོ་སོལ་དང་ཝ་སི་སོགས་གནོད་འཚེ་ཚབས་ཆེན་གྱི་རྡོ་སོལ་གཏེར་ཁུངས་གང་མགྱོགས་སྒོ་རྒྱག་དགོས་པ། གནོད་འཚེ་ཚབས་ཆེ་རིགས་དང་འགན་དཀྲིའི་དོན་རྐྱེན་ཡོད་པའི་ལོ་རེའི་ཐོན་འབོར་ཏུན་ཁྲི9ལས་མི་ཟིན་པའམ་ཡང་ན་ཁྲི9མན་གྱི་རྡོ་སོལ་གཏེར་ཁུངས་སྒོ་མཐའ་གཅིག་ཏུ་རྒྱག་དགོས་ཞེས་གཏན་འབེབས་ཁ་གསལ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག