མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ཟླ10པའི་ཟླ་དཀྱིལ་ནས་སྤྱི་ཟླ12པའི་ཟླ་དཀྱིལ་བར་རྒྱལ་ཡོངས་སུ་ཁྲིམས་འགལ་གྱི་ཚགས་པར་ལ་ཆེད་དོན་བཅོས་སྐྱོང་བྱེད་པའི་བྱ་སྤྱོད་སྤེལ་རྒྱུར་སྒྲིག་འཛུགས་བྱེད་རྒྱུའི་བཀོད་སྒྲིག་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-14 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10པའི་ཚེས10ཉིན་རྒྱལ་ཡོངས་ཚུལ་མིན་འདོད་སྲེད་གཙང་སེལ་དང་ཁྲིམས་འགལ་གྱི་པར་སྐྲུན་དངོས་རིགས་ལ་རྡུང་རྡེག་གཏོང་བའི་གཞུང་ལས་ཁང་དང་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུད་ཀྱིས་མཉམ་སྦྲེལ་ཐོག་བརྡ་ཐོ་བཏང་སྟེ། སྤྱི་ཟླ10པའི་ཟླ་དཀྱིལ་ནས་སྤྱི་ཟླ12པའི་ཟླ་དཀྱིལ་བར་རྒྱལ་ཡོངས་སུ་ཁྲིམས་འགལ་གྱི་ཚགས་པར་ལ་ཆེད་དོན་བཅོས་སྐྱོང་བྱེད་པའི་བྱ་སྤྱོད་སྤེལ་རྒྱུར་སྒྲིག་འཛུགས་བྱེད་རྒྱུའི་བཀོད་སྒྲིག་བྱས་ཏེ། གཅིག་བསྡུས་ཐོག་ཁྲིམས་འགལ་གྱི་ཚགས་པར་དང་དུས་དེབ། ཁྲིམས་འགལ་གྱི་དྲ་བ། ཁྲིམས་འགལ་གྱི་ཚགས་པར་དང་དུས་དེབ་ལས་ཁུངས། གསར་འགོད་པ་རྫུན་མ་བཅས་ལ་རྡུང་རྡེག་གཏོང་རྒྱུ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་རྩོམ་སྒྲིག་དཔར་འགྲེམས་དང་བརྒྱུད་སྤེལ་བྱེད་པའི་ནང་ཁུལ་གྱི་དཔྱད་གཞིའི་ཡིག་རིགས་རང་བཞིན་གྱི་དཔེ་སྐྲུན་དངོས་པོ་དང་གཏན་འཇགས་རྣམ་པའི་དཔར་འགྲེམས་ཐོན་རྫས་བརྡ་ཁྱབ་བཅས་ལ་བཅོས་སྐྱོང་གཏིང་ཟབ་བྱས་ཏེ། བོག་གཏོང་དང་། སྤུས་འཚོང་། ནང་བཤུག་བཅས་བྱས་པའི་དཔར་དབང་དང་ཚགས་པར་དང་དུས་དེབ་མང་པོར་ཨང་རྟགས་གཅིག་བྱས་པའི་གནད་དོན་ཐག་གཅོད་ནན་པོ་བྱེད་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག