མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་ཐེ་གོའི་ཀྲུང་གོ་བའི་ལས་རིགས་ཁག་གིས་བསྡུས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་སྟེང་ཞུགས་པར་མ་ཟད་གསུང་བཤད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-14 09:32


སྤྱི་ཟླ10བའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མན་ཀུའུ་ཡི་ཐེ་གོ་ཀྲུང་ཧྭ་སྤྱིའི་ཚོང་ཚོགས་ནས་ཐེ་གོའི་ཀྲུང་གོ་བའི་ལས་རིགས་ཁག་གིས་བསྡུས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་སྟེང་ཞུགས་པར་མ་ཟད་གསུང་བཤད་གནང་བ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེ་གོ་རྒྱལ་ཁབ་ཏུ་ཕྱི་སྡོད་རང་མི་དང་ཀྲུང་གོ་བ་བྱེ་བ་གཅིག་ལྷག་ཡོད་ལ། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་ཀྲུང་གོ་བ་འདུས་སྡོད་བྱེད་སའི་གྲས་ཀྱི་གཅིག་ཡིན། ཚེས12ཉིན་གྱི་ཉིན་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་མན་ཀུའུ་ཡི་ཐེ་གོ་ཀྲུང་ཧྭ་སྤྱིའི་ཚོང་ཚོགས་ནས་ཐེ་གོའི་ཀྲུང་གོ་བའི་ལས་རིགས་ཁག་གིས་བསྡུས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་སྟེང་ཞུགས་པར་མ་ཟད་གསུང་བཤད་གནང་།

ལིས་ཁི་ཆང་ཚོམས་ཆེན་དུ་ཕེབས་མ་ཐག་ཏུ། ཚོགས་རར་ཡོད་པའི་ཕྱི་སྡོད་རང་མི་དང་ཀྲུང་གོ་བའི་འཐུས་མི་ཡོངས་ཡར་ལངས་ཏེ་ཐལ་མོ་བརྡེབས་པ་དང་། ཚོགས་རའི་ནང་མི་རྣམས་ལ་ཆ་རྒྱུས་ཡོད་པའི་མེས་རྒྱལ་ལ་བསྟོད་གླུ་ལེན་ཞེས་པའི་གླུ་དབྱངས་བླངས།

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ལིས་ཁི་ཆང་གིས་གསུང་བཤད་གནང་། ཁོང་གིས་ཐོག་མར་ཀྲུང་གོ་སྲིད་གཞུང་གི་ཚབ་མཛད་དེ་ཐེ་གོའི་ཀྲུང་གོ་བ་དང་ཕྱི་སྡོད་རང་མི་རྣམས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས། ཁོང་གིས་གསུངས་རྒྱུར། ལོ་མང་པོའི་རིང་ལ། རྒྱ་ཆེའི་ཕྱི་སྡོད་རང་མི་དང་ཀྲུང་གོ་བས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུད་འཛིན་བྱས་ནས། དཀའ་སྤྱད་འབད་འཐབ་དང་། མཐུན་སྒྲིལ་རོགས་ལས་བྱས་ཏེ། ས་དེའི་མི་དམངས་དང་འཆམ་མཐུན་མཉམ་གནས་བྱས་པར་མ་ཟད། རང་ཉིད་ཀྱི་ལས་དོན་གསར་སྐྲུན་བྱས་པ་དེ་ཐེ་གོའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། ཐེ་གོའི་འཕེལ་རྒྱས་ལ་ཕན་པ་ཡོད་ལ། ཀྲུང་གོ་དང་ཐེ་གོ་གཉིས་ཀྱི་གཉིས་ཕན་མཉམ་རྒྱལ་ལའང་ཕན་པ་ཡོད། ང་རང་ཐེངས་འདིར་འཚམས་འདྲི་བྱེད་སྐབས། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་མཉམ་ལས་གྲོས་མཐུན་རབ་དང་རིམ་པ་བཀོད་དེ། ཀྲུང་གོ་དང་ཐེ་གོ་གཉིས་ཀྱི་མཛའ་བཤེས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་ཐུབ་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལ་མཉམ་ལས་ཀྱི་གོ་སྐབས་སྔར་ལས་མང་པོ་འདོན་ཐུབ་པར་མ་ཟད། རྒྱ་ཆེའི་ཀྲུང་གོ་བའི་ཚོང་བར་ཚོང་ལས་ཀྱི་གོ་སྐབས་སྔར་ལས་མང་པོ་འདོན་ཐུབ་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག