མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་ཐེ་གོའི་ཙུང་ལི་དབྱིན་ལཱ་ཡིས་འགྲོ་རོགས་འོག རྒྱལ་སྤྱིའི་ལྡུམ་རའི་དངོས་མང་འགྲེམ་སྟོན་ཚོགས་འདུ་ཚོགས་ས་རྙིང་བར་ཕེབས་ནས་གཟིགས་སྐོར་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-14 09:32


རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས12ཉིན་གྱི་ཕྱི་དྲོར་མན་ཀུའུ་ནས་ཐེ་གོའི་བྱང་ཕྱོགས་གྲོང་ཁྱེར་ཆིན་མེ་རུ་ཕེབས་ཏེ་འཚམས་འདྲི་མཛད་པ་དང་། ཆིན་མེར་ཕེབས་མ་ཐག་ཏུ་ལིས་ཁི་ཆང་ཐེ་གོའི་ཙུང་ལི་དབྱིན་ལཱ་ཡིས་འགྲོ་རོགས་འོག རྒྱལ་སྤྱིའི་ལྡུམ་རའི་དངོས་མང་འགྲེམ་སྟོན་ཚོགས་འདུ་ཚོགས་ས་རྙིང་བར་གཟིགས་སྐོར་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས12ཉིན་གྱི་ཕྱི་དྲོར་མན་ཀུའུ་ནས་ཐེ་གོའི་བྱང་ཕྱོགས་གྲོང་ཁྱེར་ཆིན་མེ་རུ་ཕེབས་ཏེ་འཚམས་འདྲི་མཛད། ཆིན་མེར་ཕེབས་མ་ཐག་ཏུ་ལིས་ཁི་ཆང་ཐེ་གོའི་ཙུང་ལི་དབྱིན་ལཱ་ཡིས་འགྲོ་རོགས་འོག རྒྱལ་སྤྱིའི་ལྡུམ་རའི་དངོས་མང་འགྲེམ་སྟོན་ཚོགས་འདུ་ཚོགས་ས་རྙིང་བར་ཕེབས་ཤིང་། མགོ་ཁྲིད་པ་རྣམ་གཉིས་རླངས་འཁོར་ལ་བཞུགས་ཏེ་རྒྱལ་སྤྱིའི་ལྡུམ་རའི་དངོས་མང་འགྲེམ་སྟོན་ཚོགས་འདུ་ཚོགས་ས་རྙིང་བར་བསྐོར་རྒྱབ་ཏེ་གཟིགས་སྐོར་གནང་།

ལིས་ཁི་ཆང་དང་དབྱིན་ལཱ་རྣམ་གཉིས“ཀྲུང་གོའི་ཐང་ཡོན་ལྡུམ་རར”ཕེབས་སྐབས། ལིས་ཁི་ཆང་གིས་གསུངས་རྒྱུར། “ཀྲུང་གོའི་ཐང་ཡོན་ལྡུམ་རས” ཀྲུང་གོའི་གནའ་རབས་ཀྱི་ལྡུམ་ར་འཛུགས་སྐྲུན་བྱེད་པའི་ཁྱད་ཆོས་མཚོན་ཞིང་། ཐེ་གོ་མི་དམངས་ཀྱིས“ཀྲུང་གོའི་ཐང་ཡོན་ལྡུམ་རར”ལྟ་སྐོར་བྱས་པ་བརྒྱུད་དེ། ཀྲུང་གོའི་ལྡུམ་རའི་རིག་གནས་ལ་རྒྱུས་ལོན་ཟབ་མོ་ཞིག་བྱེད་ཆོག་ཟེར། ཁོས་བསྟན་དོན། “ཀྲུང་གོའི་ཐང་ཡོན་ལྡུམ་ར” ཆིན་མེར་བཙུགས་རྗེས། རྒྱལ་ཁབ་གཉིས་ཀྱི་རིག་གནས་བརྗེ་རེས་བྱེད་སའི་མཚོན་བྱེད་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་མཐུན་མཚོན་བྱེད་ཀྱང་རེད། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གནས་དེར་འཁྲབ་སྟོན་བྱེད་བཞིན་པའི་ཀྲུང་གོའི་དགེ་རྒན་རྣམས་ལ་འཚམས་འདྲི་མཛད་ཞོར་དུ་ཁོ་ཚོ་དང་གླེང་མོལ་མཛད། ལིས་ཁི་ཆང་གིས་ཀྲུང་གོའི་དགེ་རྒན་གྱིས་ཐེ་གོ་ནས་བྱ་བ་བསྒྲུབས་པ་དང་། འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་ནས། ཀྲུང་གོ་དང་ཐེ་གོའི་རིག་གནས་བརྗེ་རེས་ཐད་ལ་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།

ཉིན་དེའི་དགོང་མོར་དབྱིན་ལཱ་ཡིས་ལིས་ཁི་ཆང་ལ་ཐེ་གོའི་བྱང་ཕྱོགས་མི་རིགས་ཁྱད་ཆོས་ཀྱི་དགོང་ཚིགས་གསོལ་སྟོན་བཤམས་ཤིང་། ཐེ་གོ་སྒྱུ་རྩལ་པས་ཀྲུང་གོ་དང་ཐེ་གོ་རྒྱལ་ཁབ་གཉིས་ཀྱི་རིག་གནས་ཁྱད་ཆོས་ཀྱི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་ནས་དགའ་བསུ་ཆེན་པོ་ཞུས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག