མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་གནོད་སེལ་གཞུང་ལས་ཁང་གིས་བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-12 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10པའི་ཚེས13ཉིན་ནི་རྒྱལ་སྤྱིའི་གནོད་སེལ་ཉིན་མོ་ཐེངས24པ་དེ་ཡིན་པ་དང་། ད་ལོའི་རྒྱལ་སྤྱིའི་གནོད་སེལ་ཉིན་མོའི་བརྗོད་བྱ་གཙོ་བོ་ནི་གནོད་འཚེའི་ཉེན་ཁ་འཕྲད་པའི་དབང་པོ་སྐྱོན་ཅན་གྱི་མི་སྣ་ཞེས་པ་དེ་ཡིན་པ་རེད། རྒྱལ་ཁབ་གནོད་སེལ་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས། ད་ལོའི་རྒྱལ་སྤྱིའི་གནོད་སེལ་ཉིན་མོའི་བརྗོད་བྱ་གཙོ་བོ་དེས་ང་ཚོས་དབང་པོ་སྐྱོན་ཅན་ལ་གནོད་འཚེའི་ཉེན་ཁ་འཕྲད་སྐབས་ཀྱི་དམིགས་གསལ་དགོས་འཁོར་དེ་བས་དོ་སྣང་བྱས་ནས། ཁོང་ཚོར་དམིགས་སའི་རང་བཞིན་ལྡན་པའི་རོགས་སྐྱོར་མཁོ་འདོན་བྱེད་པ་མ་ཟད། དབང་པོ་སྐྱོན་ཅན་དང་དབང་པོ་སྐྱོན་ཅན་གྱི་ལྟ་སྐྱོང་མི་སྣ་གནོད་འཚེའི་ཉེན་ཁའི་དོ་དམ་དང་། སྔོན་ཇུས་སྒྲིག་བཟོ། གནོད་འཚེར་ཁ་གཏད་བཅོག་པ། སླར་གསོ་བསྐྱར་འཛུགས་སོགས་ཀྱི་ལས་དོན་ནང་ཞུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། ཁོང་ཚོའི་གནོད་འགོག་གནོད་སེལ་གྱི་འདུ་ཤེས་དང་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་བྱེད་པའི་རྩལ་ནུས་མཐོ་རུ་བཏང་ཏེ། སྤྱི་ཚོགས་ཡོངས་ཀྱི་གནོད་འགོག་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་དྲན་སྐུལ་བྱས་ཡོད་ཅེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག