མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཐེ་གོའི་ཙུང་ལིའི་བཞུགས་ཤག་ནས་ཐེ་གོའི་ཙུང་ལི་དབྱིན་ལ་དང་གྲོས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-12 10:50

111.jpg

  སྤྱི་ཟླ10བའི་ཚེས11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཐེ་གོའི་ཙུང་ལིའི་བཞུགས་ཤག་ནས་ཐེ་གོའི་ཙུང་ལི་དབྱིན་ལ་དང་གྲོས་མོལ་མཛད། པར་འདི་ནི་གྲོས་མོལ་མ་མཛད་པའི་སྔོན་ལ། དབྱིན་ལ་ཡིས་ཙུང་ལིའི་བཞུགས་ཤག་མདུན་གྱི་ཐང་ཆེན་ནས་ལིས་ཁི་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་པའི་ཚུལ་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ10བའི་ཚེས11ཉིན་གྱི་ཕྱི་དྲོར་ཐེ་གོའི་ཙུང་ལིའི་བཞུགས་ཤག་ནས་ཐེ་གོའི་ཙུང་ལི་དབྱིན་ལ་དང་གྲོས་མོལ་མཛད་པ་དང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཐེ་གོའི་འབྲེལ་བའི་མ་འོངས་བའི་འཕེལ་རྒྱས་ཁ་ཕྱོགས་དང་གནད་ཆེ་སར་མཉམ་དུ་འཆར་འགོད་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་།

  གྲོས་མོལ་མཛད་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་ཕྱོགས་དང་མཉམ་དུ་མུ་མཐུད་ནས་ཀྲུང་གོ་དང་ཐེ་གོའི་འཐབ་ཇུས་རང་བཞིན་གྱི་མཉམ་ལས་ཀྱི་ཐུན་མོང་གི་འགུལ་སྐྱོད་འཆར་གཞི་དང་རྒྱུན་མཐུད་འཕེལ་རྒྱས་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོ་དངོས་འབེབས་བཟང་བོ་བྱེད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བའི་ནང་དོན་སྔར་ལས་ཕུན་སུམ་ཚོགས་པར་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མང་ཚོགས་ལ་ཀྲུང་གོ་དང་ཐེ་གོའི་མཛའ་མཐུན་ཁྲོད་དུ་སྔར་ལས་མང་བའི་ཕན་འབྲས་ཐོབ་ཏུ་འཇུག་འདོད་ཡོད་ཟེར།

  ལིས་ཁི་ཆང་གིས་ཐེ་གོ་ནི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་འབྲེལ་བའི་མཐུན་སྦྱོར་རྒྱལ་ཁབ་ཡིན་པའི་ཆ་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ལ་ནུས་པ་ཆེན་པོ་བཏོན་པར་གདེང་འཇོག་ཆེན་གནང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་ཕྱོགས་དང་མཉམ་དུ་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

  དབྱིན་ལ་ཡིས་བཤད་རྒྱུར། ཐེ་གོ་ཕྱོགས་ཀྱིས་ལིས་ཁི་ཆང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་བཏོན་པའི་གྲོས་གཞི་ལ་གཟེངས་བསྟོད་བྱེད་པ་དང་། ལིས་ཁི་ཆང་ད་ཐེངས་འཚམས་འདྲིར་ཡོང་བ་གོ་སྐབས་སུ་བཟུང་སྟེ་ཕྱོགས་གཉིས་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་ཇེ་མཐོར་གཏོང་འདོད་ཡོད་ཟེར།

  གྲོས་མོལ་མ་མཛད་པའི་སྔོན་ལ། དབྱིན་ལ་ཡིས་ཙུང་ལིའི་བཞུགས་ཤག་མདུན་གྱི་ཐང་ཆེན་དུ་ལིས་ཁི་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག