མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་དབྱིན་ལཱ་དང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་སྐབས་ཀྲུང་གོ་དང་ཐེ་གོའི་མཛའ་མཐུན་འབྲེལ་བ་རྒྱུན་འཛིན་བྱས་ཏེ་དངོས་གཉེར་མཉམ་ལས་ལ་ཡར་སྐུལ་བྱེད་དགོས་པ་ནན་བཤད་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-12 10:50

1.jpg 

             སྤྱི་ཟླ10བའི་ཚེས11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མན་ཀུའུ་ནས་ཐེ་གོའི་ཙུང་ལི་དབྱིན་ལཱ་དང་གྲོས་མོལ་བྱས་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ10བའི་ཚེས11ཉིན་མན་ཀུའུ་ནས་ཐེ་གོའི་ཙུང་ལི་དབྱིན་ལཱ་དང་གྲོས་མོལ་བྱས་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

  ལིས་ཁི་ཆང་གིས་ཐོག་མར་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་ཐེ་གོའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུ་བ་བརྒྱུད་སྒྲོག་མཛད། ཁོང་གིས་གསུང་དོན། འདིའི་སྔོན་ཏག་ཏག་ལ་ངས་ཙུང་ལི་དབྱིན་ལཱ་དང་མཉམ་དུ་གྲུབ་འབྲས་ལྡན་པའི་གྲོས་མོལ་བྱས་པ་དང་། མཉམ་དུ་ཕྱོགས་གཉིས་ཀྱི་གྲོས་མཐུན་གལ་ཆེན་གང་མང་འགོད་པར་བདེན་དཔང་བྱས། ང་ཚོས་གཅིག་གྱུར་སྒོས་བལྟས་ན། ཀྲུང་གོ་དང་ཐེ་གོ་རྒྱལ་ཁབ་གཉིས་བར་སྲོལ་རྒྱུན་གྱི་མཛའ་མཐུན་འབྲེལ་བ་ཡོད་པར་མ་ཟད། དངོས་ཡོད་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་ཡོད་ལ། མ་འོངས་པར་ཁྱབ་ཁོངས་དང་རིམ་པ་མང་བོ་ནས་མཉམ་ལས་བྱེད་པར་མདུན་ལྗོངས་དང་སྦས་ཤུགས་རྒྱ་ཆེན་པོ་ཡོད། ཀྲུང་གོ་དང་ཐེ་གོའི་དར་རྒྱས་འཕེལ་རྒྱས་གོ་སྐབས་སུ་བྱས་ཤིང་། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་འགྲིམ་འགྲུལ། ནུས་ཁུངས། དངུལ་ལོར། ཚན་རྩལ། རིག་གནས། འགོག་སྲུང་སོགས་ཁྱབ་ཁོངས་གཙོ་བོའི་དངོས་གཉེར་མཉམ་ལས་ལ་ཡར་སྐུལ་བྱེད་དགོས་ལ། མི་གཞུང་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ་སྤྱི་ཚོགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཞེས་གསུངས།

  ལིས་ཁི་ཆང་གིས་གསུང་དོན། ཀྲུང་གོ་དང་ཐེ་གོ་རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་འབྲེལ་འདྲིས་བྱས་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་ཐེ་གོས་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བའི་མཐུན་སྦྱོར་རྒྱལ་ཁབ་ཀྱི་འགན་ཁུར་ནས་བཏོན་པའི་ནུས་པ་གལ་ཆེན་ལ་གཟེངས་བསྟོད་བྱེད་བཞིན་ཡོད། ཀྲུང་གོའི་སྲིད་གཞུང་གིས་ཐེ་གོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་གྲུབ་འབྲས་གསར་བ་ཐོབ་པར་ཡར་སྐུལ་བྱེད་འདོད་ཡོད་ལ། ཀྲུང་གོ་དང་ཐེ་གོའི་འབྲེལ་བ་དེ་སྲོལ་རྒྱུན་གྱི་ཁྱིམ་ཚང་གཅིག་ལྟ་བུའི་རྨང་གཞིའི་སྟེང་སྔར་ལས་ཇེ་ཟབ་ཏུ་འགྲོ་བ་དང་། ཀྲུང་གོ་དང་ཐེ་གོའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་དང་ས་ཁུལ་རང་གི་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས།

  དབྱིན་ལཱ་ཡིས་ཐེ་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་ལིས་ཁི་ཆང་ཐེ་གོར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཁོ་མོས་བལྟས་ན་ཐེངས་འདིའི་འཚམས་འདྲིར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཐེ་གོ་དང་ཀྲུང་གོའི་འབྲེལ་བའི་ཡུན་རིང་གི་འཕེལ་རྒྱས་འཆར་འགོད་ཐད་ཁ་ཕྱོགས་བསྟན་ཡོད་པར་འདོད། དབྱིན་ལཱ་ཡིས་བསྟན་དོན། ཐེ་གོ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཉོ་ཚོང་དང་དངུལ་གཏོང་། ནུས་ཁུངས། ཞིང་ལས། མི་སྣའི་འགྲོ་འོང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཉིས་སྟོང་བཅོ་ལྔ་ལོར་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་དེ་མེ་སྒོར་ཁྲག་ཁྲིག་གཅིག་ལ་བསླེབ་པའི་དམིགས་འབེན་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་འདོད་ཡོད། ཀྲུང་གོ་ཐེ་གོའི་མྱུར་བགྲོད་ལྕགས་ལམ་ལས་གཞིའི་འཛུགས་སྐྲུན་ཁྲོད་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱི་ཨེ་ཤ་ཡཱའི་རྨང་གཞིའི་སྒྲིག་ཆས་ཀྱི་དངུལ་གཏོང་དངུལ་ཁང་འཛུགས་པའི་འདོད་བློར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཐེ་གོ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་ཡར་སྐུལ་བྱེད་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག