མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་བྱེད་སྒོའི་གཟའ་འཁོར་གྱི་བྱེད་སྒོ་གཟའ་འཁོར་རྗེས་མར་སྤེལ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-11 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་སྨན་སྲིད་སྨན་དོན་དོ་དམ་ཅུས་ཀྱི་ཅུས་ཀྲང་ལྦང་ཡུལ་གྱིས་སྤྱི་ཟླ10བའི་ཚེས10ཉིན་འཆར་ཅན་གྱི་གསར་འགོད་ཡོངས་བསྒྲགས་ཚོགས་འདུའི་ཐོག རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་ཀྲུང་ལུགས་སྨན་ རྫས་དོ་དམ་ཅུས། སྤྱི་ཁྱབ་རྒྱབ་ཕྱོགས་མཁོ་སྒྲུབ་པུའི་འཕྲོད་བསྟེན་པུ་བཅས་ཀྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བདེ་ཐང་བྱ་སྤྱོད་ཅེས་པའི་རྒྱལ་ཡོངས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོ་ཆེ་གྲས་གཉེར་རྒྱུའི་ཐག་བཅད་ཡོད།

ལྦང་ཡུལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་འོས་འགན་ སྨན་བཅོས་བྱེད་སྒོའི་གཟའ་འཁོར་གྱི་དུས་ཚོད་ནི་སྤྱི་ཟླ10༠པའི་ཚེས13ཉིན་ནས་ཚེས19བར་ཡིན་པ་དང་། སྤྱི་ཟླ10པའི་ཚེས13ཉིན། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་གྲོང་ཁྱེར་དང་འགོ་བཙུགས་མཛད་སྒོ་གཉེར་རྒྱུ་ཡིན་པ་དང་། ཉིན་དེར་ས་གནས་རིམ་པའི་གྲོང་ཁྱེར་དང་། རྫོང་རིམ་པའི་གྲོང་ཁྱེར་ཚང་མའི་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་གཅིག་ཡན་ལ་ཉིན་གཅིག་གི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། གཙོ་གནད་ཐོག་རྒྱུན་མཐོང་ནད་དང་། གཅོང་ནད་ཀྱི་འདྲི་གཅོད་དང་། ཐོག་མའི་འཐེན་ཞིབ། ནད་བརྟག སྤྱིར་བཏང་སྨན་བཅོས་སོགས་བྱ་རྒྱུ་མ་ཟད། གསོ་རིག་གི་རྒྱུན་ཤེས་དང་བདེ་ཐང་ཤེས་བྱ་ཁྱབ་སྤེལ་གཏོང་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག