མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་མ་མཐའི་གླ་ཕོག་ཚད་གཞི་མངོན་གསལ་སྒོས་མཐོ་རུ་ཕྱིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-11 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གིས་སྤྱི་ཟླ10བའི་ཚེས10ཉིན་འགྲེམས་བསྒྲགས་བྱས་པའི་མི་ཤུགས་ཐོན་ཁུངས་ཀྱི་རྒྱབ་ཤ་སྔོན་པོའི་དེབ་དེའི་ནང་། ཉེ་ལམ་ལོ་ཤས་རིང་ས་གནས་ཁག་གི་སྲིད་གཞུང་སྡེ་ཁག་ནས་ཀྱང་མ་མཐའི་གླ་ཕོག་ཚད་གཞི་ཐེངས་མང་མཐོ་རུ་བཏང་ཡོད་པ་རེད། སྤྱི་ལོ2013ལོའི་སྤྱི་ཟླ7པའི་བར། རྒྱལ་ཡོངས་སུ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས18ཀྱིས་སྔ་རྗེས་སུ་མ་མཐའི་གླ་ཕོག་ཚད་གཞི་མཐོ་རུ་བཏང་ཡོད་པ་དང་ཧྲང་ཧེའི་ཡི་ཟླ་རེའི་མ་མཐའི་གླ་ཕོག་ཚད་གཞི་སྒོར1620ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ། ཆུ་ཚོད་རེའི་མ་མཐའི་གླ་ཕོག་གི་ཚད་གཞི་མཐོ་ཤོས་པེ་ཅིན་དང་ཤིན་ཅང་ཡིན་པ་དང་ཆུ་ཚོད་རེའི་གླ་ཆ་སྒོར15.2ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག