མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་དང་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་སུའུ་ཞི་ལོ། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སིན། ནུའེ་ཙེ་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅི་བཅས་ལ་སོ་སོར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-11 11:07

 00.jpg

  སྤྱི་ཟླ10བའི་ཚེས10ཉིན། ཝུན་ལའེ་རྒྱལ་ཁབ་ཀྱི་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་ནས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པར་ཞུགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ལ་མཇལ་འཕྲད་གནང་བ།  

000.jpg

 སྤྱི་ཟླ10བའི་ཚེས10ཉིན། ཝུན་ལའེ་རྒྱལ་ཁབ་ཀྱི་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་ནས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པར་ཞུགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་སུའུ་ཞི་ལོར་མཇལ་འཕྲད་གནང་བ།  

0000.jpg

 སྤྱི་ཟླ10བའི་ཚེས10ཉིན། ཝུན་ལའེ་རྒྱལ་ཁབ་ཀྱི་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་ནས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པར་ཞུགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སིན་ལ་མཇལ་འཕྲད་གནང་བ།

00000.jpg

  སྤྱི་ཟླ10བའི་ཚེས10ཉིན། ཝུན་ལའེ་རྒྱལ་ཁབ་ཀྱི་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་ནས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པར་ཞུགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ནུའེ་ཙེ་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅིར་མཇལ་འཕྲད་གནང་བ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུན་ལའེ་རྒྱལ་ཁབ་ཀྱི་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་ནས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པར་ཞུགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ10བའི་ཚེས10ཉིན་གྱི་ཕྱི་དྲོར། ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་དང་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་སུའུ་ཞི་ལོ། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སིན། ནུའེ་ཙེ་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅི་བཅས་ལ་སོ་སོར་མཇལ་འཕྲད་གནང་།

  ཕེའོ་ཅིན་ཧོས་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་གསུང་རྒྱུར། ཀྲུང་གོ་དང་ཧན་གོ་བར་གྱི་འཐབ་ཇུས་འབྲེལ་འདྲིས་དང་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ན། ས་ཁུལ་རང་གི་ཞི་བདེ་དང་འཕེལ་རྒྱས་ལ་ཕན་པ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་བར་གྱི་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། མི་གཞུང་བརྗེ་རེས་རྒྱ་བསྐྱེད་དེ། ཀྲུང་གོ་དང་ཧན་གོ་བར་གྱི་རང་མོས་ཉོ་ཚོང་ས་ཁུལ་ཧུར་ཐག་སྒོས་འཛུགས་སྐྲུན་བྱས་ནས། མཉམ་ལས་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་འདོད་ཡོད་ཟེར།

  སུའུ་ཞི་ལོར་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་གསུངས་རྒྱུར། ཅང་མ་འགོར་བའི་སྔོན་ལ་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧིན་རྡུ་ཉི་ཞི་ཡར་ཕུན་སུམ་ཚོགས་པའི་ངང་འཚམས་འདྲི་མཛད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་དང་ས་ཁུལ་རང་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

  ཧུང་སིན་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་གསུངས་རྒྱུར། ཁྱེད་རང་ཡང་བསྐྱར་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་དུ་བདམས་པར་རྟེན་འབྲེལ་ཞུས། ཀྲུང་གོ་དང་ཁམ་ཕུ་ཁྲེ་བར་གྱི་མཛའ་བཤེས་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན། ཀྲུང་གོས་ཁམ་ཕུ་ཁྲེ་ཡིས་རྒྱལ་ཁབ་རང་གི་མི་དམངས་ཀྱིས་བདམས་པའི་འཕེལ་རྒྱས་འགྲོ་ལམ་རྒྱུན་འཁྱོངས་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱུད་རིམ་ཁྲོད་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྨོན་འདུན་བྱེད་ཀྱིན་ཡོད་ཟེར།

  ཡོ་ཧན་ཅིར་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ནུའེ་ཙེ་ལན་བར་གྱི་རང་མོས་ཉོ་ཚོང་གྲོས་ཆོད་ལག་བསྟར་བྱས་ནས་ལོ་ལྔའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་དངོས་བསྐྲུན། ང་ཚོས་ནུའེ་ཙེ་ལན་ཕྱོགས་བར་གྱི་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་བསྣན་ཏེ། དཔལ་འབྱོར་ཉོ་ཚོང་དང་། བཟང་ཆས་བདེ་འཇགས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ། ཀྲུང་གོ་དང་ནུའེ་ཙི་ལན་བར་གྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག