མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེའི་གཅེས་ནོར་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འགྲེམ་སྟོན་བྱས།

རྩོམ་པ་པོ། རྩོམ་པ་པོ། བྱམས་པ།  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-10-11 10:48

 དཔེ་རྙིང་འགྲེམ་སྟོན།

 

 དཔེ་རྙིང་འགྲེམ་སྟོན།

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས9ཉིན། གྲངས་ཉུང་མི་རིགས་ཀྱི་རིག་གནས་དར་སྤེལ་བརྗེ་རེས་དང་མི་རིགས་མཐུན་སྒྲིལ་ཡར་སྐུལ་ཡོང་ཆེད། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་རིག་དངོས་བཤམས་སྟོན་ཁང་དང་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་སོགས་སྡེ་ཁག་འགས་མཉམ་དུ་བསྒྲུབས་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེའི་གཅེས་ནོར་ཞེས་པ་དེ་ཀྲུང་དབྱང་མི་རིགས་སློབ་ཆེན་མི་རིགས་རིག་དངོས་བཤམས་སྟོན་ཁང་དུ་འགྲེམ་སྟོན་བྱས།

   གྲངས་ཉུང་མི་རིགས་ཀྱི་གནའ་དཔེའི་གཅེས་ནོར་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བཀྲམ་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེའི་གཅེས་ནོར་ཞེས་པའི་འགྲེམ་སྟོན་སྟེང་རྒྱ་ཡིག་དང་། བོད་ཡིག སོག་ཡིག ཡུ་གུར་གྱི་ཡི་གེ མན་ཇུའི་ཡི་གེ དབྱིས་ཡིག ནཱ་ཞིས་སྟོན་པའི་ཡི་གེ ཐའེ་ཡིག ཧྲོས་ཡིག ཀྲོང་ཡིག ཁྲའོ་ཞན་རིགས་ཀྱི་ཡི་གེ་སོགས་ཡིག་རིགས་སྣ12ཀྱི་གནའ་དཔེ75འགྲེམ་སྟོན་བྱས་ཡོད། ཐེངས་འདིར་འགྲེམ་སྟོན་བྱས་པའི་གནའ་དཔེ་ཚང་མ་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གི་གནའ་དཔེའི་གཅེས་ནོར་ཁྲོད་ནས་བདམས་པ་ཡིན་པས། རང་རྒྱལ་མི་རིགས་ཁག་གི་ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བའི་ཁྲོད་ཀྱི་བྲིས་མ། པར་མ་སོགས་དང་དཔེ་གཞི་ཚུགས་སྣ་ཚོགས། ཁྱད་ཆོས་འབུར་དུ་ཐོན་ཡོད་པ་རྐྱང་བ་ཡིན། དེའི་ཁྲོད་རྒྱ་ཡིག་གི《ཀྲའོ་ཁྲོན་ཅིན་བཀའ་བསྟན》《རྒྱལ་བའི་བཀའ་འགྱུར་པེ་ཅིན་མཚལ་པར་མ》སོགས་གནའ་དཔེ50ནི་རྒྱལ་ཁབ་རིམ་པའི་གནའ་དཔེ་གཅེས་ནོར་ཡིན་པས《རྒྱལ་ཁབ་རིམ་པའི་གནའ་དཔེ་གཅེས་ནོར་གྱི་དཀར་ཆག》ཏུ་ཚུད་ཡོད། ཐེངས་འདིའི་འགྲེམ་སྟོན་ནི་གྲངས་ཉུང་མི་རིགས་གནའ་དཔེ་ཐེངས་དང་པོར་སློབ་གྲྭའི་ཁོར་ཡུག་ཏུ་བཀྲམ་པ་ཡིན་པས་ལྟད་མོ་བས་ཐད་ཀར་མི་རིགས་ཀྱི་རིག་གནས་ཤུལ་བཞག་ལ་གཟིགས་མོལ་གནང་བ་བརྒྱུད་མི་རིགས་རིག་གནས་ལ་ཚོར་མྱོང་དང་། མེས་པོའི་བསམ་པའི་རྒྱུ་ནོར་ལ་རྒྱུས་ལོན་བྱེད་ཐུབ་པ་རེད།

  ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་ནི1959ལོར་བཙུགས་པ་ནས་བཟུང་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་འཚོལ་བསྡུ། ལེགས་སྒྲིག སྲུང་སྐྱོབ། ཞིབ་འཇུག་དང་གཡོར་ཀློག་སོགས་ཀྱི་བྱ་བཞག་ལ་བར་མེད་དུ་འབད་པ་བྱེད་བཞིན་ཡོད། མིག་སྔར་གྲངས་ཉུང་མི་རིགས་ཁག་གི་གནའ་དཔེ་དེབ་ཁྲི་ཉི་ཤུ་ལྷག་ཉར་ཚགས་བྱས་ཡོད། དེའི་ཁྲོད་རྒྱལ་ཁབ་ཕྱི་ནང་དུ་མཐོང་དཀོན་པའི་བྲིས་མ། པར་མ། རྡོ་དྲིལ་ཡི་གེའི་ངོ་བཤུས་མ། ས་ཁྲ་སོགས་ཡོད། 2009ལོའི་ཟླ6པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་གནའ་དཔེ་སྲུང་སྐྱོབ་གཙོ་གནད་སྡེ་ཁག་ཞེས་པར་བདམས་ཐོན་བྱུང་བ་དང2013ལོའི་ཟླ་པའི་བར་གནའ་དཔེ་སྣ73རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྒྲགས་པའི《རྒྱལ་ཁབ་རིམ་པའི་གནའ་དཔེའི་གཅེས་ནོར་གྱི་དཀར་ཆག》ཏུ་བདམས་ཐོན་བྱུང་ཡོད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག