མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་ཨེ་ཤ་ཡ་ཤར་ལྷོའི་མགོ་རིམ་གྲོས་ཚོགས་སྐབས་བརྒྱད་པར་ཞུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-11 10:47

125510853_21n.jpg

      སྤྱི་ཟླ10བའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཝུན་ལའེ་རྒྱལ་ཁབ་ཀྱི་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་ནས་ཨེ་ཤ་ཡ་ཤར་ལྷོའི་མགོ་རིམ་གྲོས་ཚོགས་སྐབས་བརྒྱད་པར་ཞུགས། པར་འདི་ནི་གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དང་ཡང་ན་འཐུས་མིས་མཉམ་དུ་པར་བླངས་པའི་ཚུལ་རེད།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་སྤྱི་ཟླ10བའི་ཚེས10ཉིན་ཝུན་ལའེ་རྒྱལ་ཁབ་ཀྱི་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་ནས་ཨེ་ཤ་ཡ་ཤར་ལྷོའི་མགོ་རིམ་གྲོས་ཚོགས་སྐབས་བརྒྱད་པར་ཞུགས་པ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་དེ་མིན་ཧན་གོ་དང་འཇར་པན། ཨ་མེ་རུ་ཁ། ཨུ་རུ་སི། རྒྱ་གར། ཨོ་སི་ཁྲི་ལི་ཡ། ནུའེ་ཙེ་ལན་སོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་ཡང་ན་འཐུས་མི་བཅས་གྲོས་ཚོགས་ལ་ཞུགས། ཝུན་ལའེ་སུའུ་ཏན་ཧ་སང་ན་ཨར་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་ཨེ་ཤ་ཡ་ཤར་ལྷོའི་མཉམ་ལས་འཕེལ་རྒྱས་དང་རྒྱལ་སྤྱི་དང་ས་གནས་ཀྱི་འབྲེལ་ཡོད་གནད་དོན་དང་འཛམ་གླིང་རང་བཞིན་གྱི་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

   ཚོགས་ཐོག་ནས་ལིས་ཁི་ཆང་གིས་གསུངས་རྒྱུར། ཨེ་ཤ་ཡ་ཤར་ལྷོའི་མཐོ་རིམ་གྲོས་ཚོགས་བཙུགས་ནས་ལོ་བརྒྱད་ཀྱི་རིང་ལ། ཨེ་ཤ་ཡ་ཤར་ལྷོའི་མཉམ་ལས་ཀྱི་སྒོ་འབྱེད་བཟོད་སྒོམ་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་པ་དང་དེ་ཨེ་ཤ་ཡ་ཤར་ལྷོ་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱལ་ཁབ་བར་གྱི་སྦྲེལ་ཐག་ལྟ་བུར་གྱུར་ཡོད། ང་ཚོས་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དར་སྤེལ་བྱས་ཏེ་བརྟན་འཇགས་སྒོས་འཕར་བའི་རྣམ་པ་བཟང་བོ་སྲུང་འཛིན་བྱེད་པ་དང་། འཕེལ་རྒྱས་ལ་ཚོད་འཛིན་པའི་གནད་དོན་འོས་འཚམ་སྒོས་ཐག་གཅོད་དགོས་བར་མ་ཟད་འགལ་བ་སྣ་ཚོགས་ལ་དོ་དམ་བཟང་བོ་བྱས་ནས། ཞི་བའི་བདེ་འཇགས་དང་འཕེལ་རྒྱས་ལ་ཕན་པའི་ཁོར་ཡུག་བསྐྲུན་དགོས་ཟེར།

  ལིས་ཁི་ཆང་གིས་ཀྲུང་གོས་ལྷོ་ཕྱོགས་རྒྱ་མཚོའི་གནད་དོན་ཐད་འཛིན་པའི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་མཛད། ཁོང་གསུངས་རྒྱུར། ཀྲུང་གོས་མུ་མཐུད་དུ་ས་གནས་ཀྱི་རྒྱལ་ཁབ་སོ་སོ་དང་མཉམ་དུ་ལྷོ་ཕྱོགས་རྒྱ་མཚོའི་འཕུར་བསྐྱོད་རང་དབང་དང་བདེ་འཇགས་སྲུང་སྐྱོབ་བཟང་བོ་བྱེད་པ་དང་། ཀྲུང་གོ་དང་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་བར་ཐུན་མོང་གི་ལྟ་ཚུལ་བྱུང་བ་དང་འབྲེལ་ཡོད་རྩོད་གཞི་ཕྱོགས་ནས་ཐད་ཀར་དུ་གྲོས་མོལ་བྱས་ནས་ཐག་གཅོད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ནས་ལྷོ་ཕྱོགས་རྒྱ་མཚོའི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་ངེས་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག