མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཀྲུང་ཧྭ་ཕྱི་རྒྱལ་མཛའ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཞི་བའི་ལས་འཛིན་ཚོགས་ཆེན་ཐེངས་དང་པོར་ཞུགས་པའི་ལས་འཛིན་ཡོངས་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-11 10:47

 
0.jpg

  སྤྱི་ཟླ10བའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་ཧྭ་ཕྱི་རྒྱལ་མཛའ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཞི་བའི་ལས་འཛིན་ཚོགས་ཆེན་ཐེངས་དང་པོར་ཞུགས་པའི་ལས་འཛིན་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད། སྐབས་གསར་བའི་མགོ་ཁྲིད་ཚན་ཁག་དང་བཞུགས་མོལ་མཛད་པ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་སྤྱི་ཟླ10བའི་ཚེས10ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་ཧྭ་ཕྱི་རྒྱལ་མཛའ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཞི་བའི་ལས་འཛིན་ཚོགས་ཆེན་ཐེངས་དང་པོར་ཞུགས་པའི་ལས་འཛིན་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད། སྐབས་གསར་བའི་མགོ་ཁྲིད་ཚན་ཆུང་དང་བཞུགས་མོལ་མཛད།

  ཡུས་ཀྲིན་ཧྲིན་གྱིས་ཐོག་མར་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ། གྲོས་ཚོགས་ལེགས་གྲུབ་བྱུང་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཀྲུང་ཧྭ་ཕྱི་རྒྱལ་མཛའ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་འཁོར་བཅུ་དྲུག་གི་རིང་ལ། ཀྲུང་དབྱང་གི་འཐབ་ཇུས་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་པ་དང་། དུས་རབས་ཀྱི་འཕེལ་རྒྱས་དང་ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་ཐད་ཀྱི་བྱ་བའི་འགྱུར་ལྡོག་ལ་ཧུར་ཐག་སྒོས་བསྟུན་ནས། མེས་རྒྱལ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་། ཞི་བའི་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། ཕྱི་རྒྱལ་མཛའ་འབྲེལ་ལ་ཤུགས་སྣོན་པ་བཅས་ཐད་ལ་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར།

  ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་གསུངས་རྒྱུར། ཀྲུང་ཧྭ་ཕྱི་རྒྱལ་མཛའ་འབྲེལ་ལྷན་ཚོགས་ཀྱིས་མེས་རྒྱལ་གྱི་འཛུགས་སྐྲུན་ལས་དོན་སོ་སོར་མུ་མཐུད་དུ་རོགས་སྐྱོར་བྱེད་པ་དང་། འབྲེལ་འདྲིས་ཁྱབ་ཆེ་བའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། བཅོས་བསྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ལས་དོན་མྱུར་དུ་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་ཡོད་དགུ་བཏོན་ནས་རོགས་སྐྱོར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཀྲུང་ཧྭ་ཕྱི་རྒྱལ་མཛའ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་རོགས་སྐྱོར་བྱེད་པ་དང་། མཛའ་འབྲེལ་ལྷན་ཚོགས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་པར་ཆ་རྐྱེན་བསྐྲུན་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག