མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་ཝུན་ལའེ་སུའུ་ཏན་གྱིས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་དང་ཚོགས་ཞུགས་མགོ་ཁྲིད་པར་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་སྟེང་ཞུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-11 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་སྤྱི་ཟླ10བའི་ཚེས9ཉིན་གྱི་དགོང་མོར་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་ནས་ཝུན་ལའེ་སུའུ་ཏན་ཧ་སང་ན་ཨར་གྱིས་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པར་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་སྟེང་ཞུགས།

དགའ་བསུ་ཞུ་བའི་གསོལ་སྟོན་སྟེང་། སུའུ་ཏན་ཧ་སང་ན་ཨར་གྱིས་སྤྲོ་སེམས་འཁོལ་བའི་ཞུ་ཚིག་ཕུལ། ཝུན་ལའེ་ཡི་སྒྱུ་རྩལ་པ་རྣམས་ཀྱིས་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་རྣམས་ལ་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས།

ལིས་ཁི་ཆང་གིས་སུའུ་ཏན་ཧ་སང་ན་ཨར་དང་སུའུ་ཏན་གྱི་བཙུན་མོ་རྣམ་གཉིས་ཀྱིས་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པར་དགའ་དྲིན་ཆེ་ཞུས་པར་མ་ཟད། ཀྲུང་གོ་དང་ཝུན་ལའེ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་འབྲེལ་ལ་གྲུབ་འབྲས་གཡུར་ཟ་བ་ཐོབ་པར་སྨོན་འདུན་ཞུས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག