མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅུ་དྲུག་པར་ཞུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-11 10:46

777.jpg

  སྤྱི་ཟླ10བའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཝུན་ལའེ་རྒྱལ་ཁབ་ཀྱི་རྒྱལ་ས་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་ནས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅུ་དྲུག་པར་ཞུགས། པར་འདི་ནི་གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་མཉམ་དུ་པར་བླངས་བའི་ཚུལ་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་སྤྱི་ཟླ10བའི་ཚེས10ཉིན་ཝུན་ལའེ་རྒྱལ་ཁབ་ཀྱི་རྒྱལ་ས་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་ནས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅུ་དྲུག་པར་ཞུགས། ཝུན་ལའེ་སུའུ་ཏན་ཧ་སང་ན་ཨར་གྱི་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་འཇར་པན་ད་ཧན་གོའི་མགོ་ཁྲིད་པ་བཅས་མཉམ་དུ་གྲོས་ཚོགས་ལ་ཞུགས།

  ཚོགས་ཐོག་ནས་ལིས་ཁི་ཆང་གིས་གསུངས་རྒྱུར། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མཉམ་ལས་དེ་ཨེ་ཤ་ཡ་ལ་དངུལ་ལོར་ཉམས་ཉེན་བྱུང་བའི་སྐབས་སུ་བཙུགས་པ་དང་དེས་ས་གནས་ཀྱི་དཔལ་འབྱོར་བརྟན་འཇགས་ལ་ནུས་པ་གལ་ཆེན་བཏོན་པ་དང་། ཨེ་ཤ་ཡ་ཤར་ལྷོ་དང་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་འབྱུང་བར་བྱས་རྗེས་ཆེན་པོ་བཞག ལག་ལེན་དངོས་ལས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་པ་བདེན་དཔང་བྱས་ཡོད་པས། རྒྱལ་ཁབ་སོ་སོས་མུ་མཐུད་དུ་ཞི་བའི་འཕེལ་རྒྱས་དང་གཉིས་ཕན་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་གསལ་བོར་ཤེར་པར་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་བྱེད་རྒྱུ་དེ་གོ་གནས་གལ་ཆེན་དུ་འཇོག་པ་དང་། ཨེ་ཤ་ཡ་ཤར་ལྷོའི་མཉམ་ལས་དེ་ནམ་ཡང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བའི་བགྲོད་ལམ་དུ་བསྐྱོད་དགོས་ཟེར།

  ལིས་ཁི་ཆང་གིས་གསུངས་རྒྱུར། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མཉམ་ལས་ནང་རྐྱེན་བཙུགས་ནས་ལོ་བཅུ་དྲུག་གི་རིང་ལ། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་པས་མཉམ་ལས་ཉིན་རེར་ཇེ་མང་དུ་སོང་བ་དང་དེས་ཨེ་ཤ་ཡ་ཤར་ལྷོ་ས་ཁུལ་གྱི་བརྟན་འཇགས་དང་དར་རྒྱས་ཐད་ལ་སྐུལ་འདེད་ཀྱི་ནུས་པ་བཏོན། ཀྲུང་གོ་ཕྱོགས་ཀྱིས་ཕྱིན་ཆད་ཀྱང་མུ་མཐུད་དུ་ཕྱོགས་སོ་སོ་དང་མཉམ་ལས་དམ་པོ་བྱས་ནས་ཨེ་ཤ་ཡ་ཤར་ལྷོ་ས་ཁུལ་གྱི་མཉམ་ལས་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག