མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2020ལོར་རང་རྒྱལ་གྱི་སྲུང་སྐར་ཕྱོགས་སྟོན་ཐོན་ལས་གསར་གཏོད་གོང་འཕེལ་གྱི་གནས་སྟངས་སྤྱིའི་ཆ་ནས་གྲུབ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-10 10:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་སྲིད་གཞུང་དྲ་བའི་ཐོག་སྤྱི་ཟླ10བའི་ཚེས9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིསརྒྱལ་ཁབ་སྲུང་སྐར་ཕྱོགས་སྟོན་ཐོན་ལས་དུས་ཡུན་རིང་འབྲིང་གི་གོང་འཕེལ་འཆར་འགོད་དཔར་འགྲེམས་བརྡ་ཐོ་ཞེས་པ་ཁྱབ་སྤེལ་བྱས་ཡོད་པ་རེད། འཆར་འགོད་ནང་རང་རྒྱལ་གྱི་སྲུང་སྐར་ཕྱོགས་སྟོན་ཐོན་ལས་ཀྱི་དུས་ཡུན་རིང་འབྲིང་གི་གོང་འཕེལ་དམིགས་འབེན་གཏན་འབེབས་ཁ་གསལ་བྱས་ཡོད། སྤྱི་ལོ2020ལོར་སླེབས་དུས་རང་རྒྱལ་གྱི་སྲུང་སྐར་ཕྱོགས་སྟོན་ཐོན་ལས་གསར་གཏོད་གོང་འཕེལ་གྱི་གནས་སྟངས་སྤྱིའི་ཆ་ནས་གྲུབ་ཟིན་པ་དང་། ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར4000ལས་བརྒལ་རྩིས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག