མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཆེས་མཐོ་མི་དམངས་ཁྲིམས་ཁང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་ཏུ་དངོས་སུ་ཁྲིམས་དཔོན་ཡིག་སྒམ་ཤར་གཏོང་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-10 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱེད་སྒོ་གཏོང་ཟབ་ཏུ་སྤེལ་ཆེད་དུ་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་སྤྱི་ཚོགས་ལས་རིགས་ཁག་གི་འབྲེལ་མཐུད་སྦྲེལ་སྦྱོར་ལ་ཤུགས་སྣོན་རྒྱག་རྒྱུ་དང་། སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་གྲོས་འགོར་ཡོངས་ཁྱབ་ཏུ་ཉན་རྒྱུ་ཡིན་ཞིང་། སྤྱི་ཟླ10པའི་ཚེས8ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་ཏུ་དངོས་སུ་ཁྲིམས་དཔོན་ཡིག་སྒམ་ཤར་གཏོང་བྱས་པ་དང་། སྤྱི་ཚོགས་ལས་རིགས་ཁག་གིས་མི་དམངས་ནས་ཁྲིམས་ཁང་ལས་དོན་ཐད་ལ་བསམ་འཆར་དང་གྲོས་འགོ་འདོན་རྒྱུར་སྟབས་བདེ་བཏོན་རྒྱུ་ཡིན་པ་རེད། སྤྱི་དམངས་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་འཛུལ་ནས་གཡས་ཟུར་ཐོག་གི་ཁྲིམས་དཔོན་ཡིག་སྒམ་ཞེས་པའི་རྟགས་རིས་ཐེབས་མནོན་བྱས་ཏེ་དྲ་ངོས་སུ་འཛུལ་རྗེས་སླར་ཡང་ཁྲིམས་དཔོན་ཡིག་སྒམ་གྱི་བསྟི་གནས་ཐེབས་མནོན་བྱས་ཚེ་གློག་རྡུལ་ཡིག་སྒམ་སྐྱེལ་སྤྲོད་བྱེད་ཆོག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག