མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2020ལོར་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར4000ཟིན་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-10 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་སྦྲག་སྲིད་ཅུད་ཀྱི་ཅུད་ཀྲང་མ་ཅུན་ཧྲེང་གིས་སྤྱི་ཟླ10པའི་ཚེས9ཉིན་སྐབས44པའི་འཛམ་གླིང་སྦྲག་སྲིད་ཉིན་མོར་བཀྲ་ཤིས་བདེ་ལེགས་ཞུ་བའི་ཤིས་ཚིགས་གནང་སྐབས་སྤྱི་ལོ2020ལོར་སླེབས་དུས་རང་རྒྱལ་དུ་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར4000ཟིན་རྒྱུ་ཡིན་པས་སྤྱི་ལོ2010དང་བསྡུར་ན་ལྡབ་གསུམ་འཕར་རྒྱུ་རེད་ཅེས་གསུང་པ་རེད།

མ་ཅུན་ཧྲེང་གིས། འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་མཐུན་པའི་དེང་རབས་སྦྲག་སྲིད་ལས་རིགས་དེ་སྤྱི་ལོ2020ལོའི་འབད་ཐབས་དམིགས་འབེན་དུ་རྩིས་རྒྱུ་ཡིན། སྤྱི་ལོ2020ལོར་སླེབས་དུས་རང་རྒྱལ་གྱི་སྦྲག་སྲིད་ལས་སྒོ་དེ་གོང་འཕེལ་རྣམ་པའི་ཐོག་ཏུ་བསྒྱུར་རྒྱུ་དང་དངོས་ཕན་རང་བཞིན་གྱི་འཕེལ་རིམ་ཐོབ་རྒྱུ་མ་ཟད། སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་ལས་ཆོད་མངོན་གསལ་དོད་པོས་ལེགས་བཅོས་བྱེད་པའི་རྨང་གཞིའི་ཐོག ལས་སྒོའི་ཡོང་འབབ་སྤྱི་ལོ2010ལོ་དང་བསྡུར་ན་ལྡབ་གཉིས་ཡན་ཟིན་རྒྱུ་དང་། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་ནང་བཟུང་བའི་བསྡུར་གྲངས0.6%ལས་བརྒལ་ནས་རྒྱལ་སྤྱིའི་ཐོག་དུས་མཚུངས་དུས་མཉམ་གྱི་ཡོང་འབབ་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་རྒྱུ་རེད་ཅེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག