མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་དམངས་དངུལ་ཁང་སོགས་དམངས་གཉེར་དངུལ་ཁང་དགུའི་མིང་ལ་ཞིབ་བཤེར་ཆོག་མཆན་ཐོབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-10 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མིག་སྔའི་བར། རྒྱལ་དམངས་དངུལ་ཁང་དང་། སུའུ་ཉིང་དངུལ་ཁང་སོགས་དམངས་གཉེར་དངུལ་ཁང་དགུའི་མིང་ལ་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས་ཞིབ་བཤེར་ཆོག་མཆན་སྤྲད་ཡོད་པ་དང་། དམངས་གཉེར་ཁེ་ལས་ནས་དམངས་གཉེར་དངུལ་ཁང་ལ་འཕེལ་རྒྱས་འགྲོ་བའི་གོམ་སྟབས་ཤིག་སྤོས་ཡོད་པ་རེད། མ་གཞི་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས་དམངས་གཉེར་དངུལ་ཁང་ཉུང་ཤས་ཀྱི་མིང་རེ་ཞུ་བྱས་པར་ཆོག་མཆན་སྤྲད་ཡོད་ཀྱང་། དངུལ་ཁང་གི་ལག་ཁྱེར་ཞིབ་བཤེར་ཆོག་མཆན་ལས་ཁུངས་ཡིན་པའི་ངོས་ནས། དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་མིག་སྔར་རེ་ཞུ་བྱེད་མཁན་ཁེ་ལས་གང་ལའང་ཁེ་གཉེར་བྱེད་ཆོག་པའི་ལག་ཁྱེར་སྤྲད་མེད་པ་རེད། མ་རྩ་ཐེ་ཞུགས་ཚད་གཞི་ནས་ལས་ཁུངས་ཐེ་ཞུགས་ཚད་གཞིའི་བར། སྲིད་ཇུས་ཡག་པོ་རབ་དང་རིམ་པ་བཏོན་པ་དང་བསྟུན་ནས་དམངས་གཉེར་དངུལ་ཁང་གི་དམིགས་བསལ་ནང་དོན་ལྡན་པའི་མ་རྐང་དེ་ཟླ་བ་གཅིག་ཙམ་རིང་མ་རྩའི་ཁྲོམ་རྭའི་དོ་ཁུར་བྱེད་ས་གཙོ་བོར་གྱུར་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག