མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་འགག་སྒོས་འཛམ་གླིང་འགག་སྒོའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་འོག་ལ་ཐེངས་གསུམ་པའི་ས་གཞི་སྐྱེ་མའི་བྱ་སྤྱོད་སྤེལ་རྒྱུའི་གྲོས་འགོ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-10 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་འགག་སྒོས་འཛམ་གླིང་འགག་སྒོའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་འོག་ལ་ཐེངས་གསུམ་པའི་ས་གཞི་སྐྱེ་མའི་བྱ་སྤྱོད་སྤེལ་རྒྱུའི་གྲོས་འགོ་བཏོན་པ་དེ་སྤྱི་ཟླ10པ་ནས་སྤྱི་ཟླ11པའི་ཟླ་མཇུག་བར་སྤེལ་རྒྱུ་ཡིན་པ་དང་། གཙོ་གནད་ཐོག་ཡོ་རོབ་དང་གླིང་ཆེན་ཨ་མེ་རི་ཁ་བྱང་མ་སོགས་ནས་སྙིགས་རོ་ཕྱིར་གཏོང་བྱེད་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་དུ་གནོད་ལྡན་སྙིགས་རོ་ལྐོག་ཚོང་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་གཏོང་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བྱ་སྤྱོད་སྤེལ་རིང་སྙིགས་རོ་ཕྱིར་གཏོང་བྱེད་སའི་འགག་སྒོས་འཛམ་གླིང་འགག་སྒོའི་སྒྲིག་འཛུགས་ཀྱི་འགག་སྒོ་ཁྲིམས་འཛིན་དྲ་བ་བརྡ་འཕྲིན་མ་ལག་བརྒྱུད་དེ་བརྒྱུད་འདྲེན་བྱེད་སའི་འགག་སྒོ་དང་ནང་འདྲེན་བྱེད་སའི་འགག་སྒོར་ལྐོག་ཚོང་བྱེད་པའི་སྙིགས་རོ་དང་འབྲེལ་ཡོད་ཉེན་བརྡའི་ཆ་འཕྲིན་གཏོང་རྒྱུ་ཡིན་པ། བརྒྱུད་འདྲེན་བྱེད་སའི་འགག་སྒོ་དང་ནང་འདྲེན་བྱེད་སའི་འགག་སྒོའི་དངོས་ཟོག་ཞིབ་འཇུག་གམ་བསྒྲུབ་འགན་གྲུབ་རྗེས་སླར་ཡང་མ་ལག་བརྒྱུད་དེ་ཕྱིར་གཏོང་བྱེད་སའི་འགག་སྒོར་འབྲེལ་ཡོད་ཆ་འཕྲིན་ཐག་གཅོད་བྱེད་རྒྱུའི་མཇུག་འབྲས་ལྡོག་འདྲེན་བྱེད་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག