མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་དུ་ཕེབས་ཏེ་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པར་ཞུགས་པར་མ་ཟད་ཝུན་ལའེ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-10 10:25

000.jpg

        སྤྱི་ཟླ10བའི་ཚེས9ཉིན། ཝུན་ལའེ་ཏ་ལུའུ་ས་ལན་རྒྱལ་ཁབ་ཀྱི་སུའུ་ཏན་ཧ་སང་ན་ཨར་པའོ་ཨེར་ཅི་ཡ་ཡིས་གདན་དྲངས་པ་ལྟར། ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་གྱི་ཝུན་ལའེ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན་ཏེ། ཝུན་ལའེ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་མགོ་བརྩམས། པར་འདི་ནི་ལིས་ཁི་ཆང་གིས་ཝུན་ལའེ་རྒྱལ་བོའི་དྲག་ཆས་དམག་དཔུང་གི་དམག་སྤྱི་ཆེན་མོ་དང་མཉམ་དུ་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བཞིན་པའི་ཚུལ་རེད།  

  ཞིན་ཧྭ་སར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་བུན་ལའེ་རྒྱལ་ཁབ་ཀྱི་སུའུ་ཏན་ཧ་སང་ན་ཨར་པའོ་ཨེར་ཅི་ཡ་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་དུས་ཚོད་སྤྱི་ཟླ10བའི་ཚེས9ཉིན་གྱི་ཕྱི་དྲོར་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་དུ་ཐོན་ཏེ། དེར་བསྡུ་རྒྱུ་ཡིན་པའི་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པར་ཞུགས་རྒྱུར་མ་ཟད། ཝུན་ལའེ་རྒྱལ་ཁབ་ལ་དངོས་གཞི་འཚམས་འདྲི་གནང་མགོ་བརྩམས།

  འཚམས་འདྲི་གནང་སྐབས། ལིས་ཁི་ཆང་གིས་ཝུན་ལའེ་སུའུ་ཏན་ཧ་སང་ན་ཨར་པའོ་ཨེར་ཅི་ཡ་དང་། རྒྱལ་བོ་ཚང་གི་མི་སྣ་དང་སོ་སོར་གྲོས་མོལ་མཛད་དེ། ཀྲུང་གོ་དང་ཝུན་ལའེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་དགོངས་འཆར་མཛད་རྒྱུ་རེད། རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་རྒྱུ་ཡིན་པར་མ་ཟད། ནུས་ཁུངས་སོགས་ཕྱོགས་ཀྱི་མཉམ་ལས་ཡིག་ཆ་འགོད་རྒྱུ་རེད། ཝུན་ལའེ་རྒྱལ་ཁབ་དུ་འཚམས་འདྲི་མཛད་སྐབས། ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅུ་དྲུག་པ་དང་། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅུ་དྲུག་པ། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་བརྒྱད་པ་བཅས་ལ་ཞུགས་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག