མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་འབར་མའི་ཙུང་ཐུང་ཝུའུ་ཏིན་ཧྲིན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-10 10:25

1.jpg

  སྤྱི་ཟླ10བའི་ཚེས9ཡི་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཝུན་ལེ་སི་ལེའི་པ་ཅ་ཝན་ནས་འབར་མའི་ཙུང་ཐུང་ཝུའུ་ཏིན་ཧྲིན་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ10བའི་ཚེས9་ཉིན་གྱི་ཕྱི་དྲོར་ཝུན་ལེ་སི་ལེའི་པ་ཅ་ཝན་ནས་འབར་མའི་ཙུང་ཐུང་ཝུའུ་ཏིན་ཧྲིན་ལ་མཇལ་འཕྲད་གནང་། ལིས་ཁི་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་སྙིང་ཉེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་བརྒྱུད་སྒྲོག་བྱས། ཁོས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བར་མཐོང་ཆེན་ཚད་མཐོན་བྱེད་བཞིན་ཡོད་པར་མ་ཟད། ཕྱོགས་གཉིས་བར་གྱི་འཕེལ་རྒྱས་ལས་དོན་ཐད་ལ་ནུས་ཤུགས་གང་ཡོད་འདོན་འདོད་ཡོད།  གནས་བབ་གསར་བའི་འོག་ཏུ་ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཆེ་ཕྱོགས་འབྲེལ་བ་དམ་འཛིན་བཟང་བོ་བྱས་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ཏེ་རྒྱལ་ཁབ་གཉིས་ཀྱི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བར་རྒྱུན་ཆད་མེད་པར་གསོན་ཤུགས་གསར་བ་སྣོན་འདོད་ཡོད། ཀྲུང་གོས་འབར་མ་ཕྱོགས་ཀྱིས་ལག་བསྟར་དང་ཁྱབ་བརྡལ་དུ་གཏོང་བཞིན་པའི་རྒྱལ་ནང་གི་ཞི་བདེའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པ་དང་འབར་མ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཁའ་མཚམས་ས་ཁུལ་གྱི་གཏན་འཇགས་ལ་སྲུང་སྐྱོབ་བཟང་བོ་བྱེད་འདོད་ཡོད་ལ། རེ་བ་ཡིན་ན་འབར་མ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ཕྱོགས་མནའ་འབྲེལ་བར་གྱི་འཕེལ་རྒྱས་ལ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་དགོས་ཟེར།

  ཝུའུ་ཏིན་ཧྲིན་གྱིས་ལིས་ཁི་ཆང་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་སྙིང་ཉེ་བའི་འཚམས་འདྲི་བྱས། ཁོས་བསྟན་དོན། འབར་མ་དང་ཀྲུང་གོ་གཉིས་ནི་ཆེས་བཟང་བའི་མནའ་འབྲེལ་ཁྱིམ་མཚེས་ཡིན་པ་དང་འབར་མ་ཕྱོགས་ཀྱིས་ཀྲུང་གོའི་རྒྱབ་སྐྱོར་ལ་བཀའ་དྲིན་ཆེ་ཞུ་བཞིན་ཡོད་ལ། འབར་མ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་འབྲེལ་འདྲིས་དམ་ཟབ་བྱས་ཏེ་འབར་མ་དང་ཀྲུང་གོའི་བར་གྱི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་ཆེན་པོ་ལོན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག